རྒྱ་ནག་གཞུང་གི་དམག་དཔུང་རུ་བསྒྲིགས་ཀྱི་དུས་སྟོན་སྐུ་མགྲོན།
2015.09.01
རྒྱ་ནག་གིས་འཛམ་གླིང་དམག་ཆེན་སྐབས་ཉི་ཧོང་ཕམ་ཉེས་བཏང་ནས་ལོ་ངོ་༧༠འཁོར་བའི་དམག་དཔུང་རུ་བསྒྲིགས་ལ་སྐུ་མགྲོན་མང་པོ་བོས་འདུག
དེ་ཡང་རྒྱ་ནག་གཞུང་གིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་ཕམ་ཉེས་བཏང་ནས་ལོ་ངོ་༧༠འཁོར་བའི་དམག་དཔུང་རུ་བསྒྲིགས་ཀྱི་དུས་སྟོན་ཞིག་གཟའ་འཁོར་འདིའི་ནང་སྲུང་བརྩི་ཞུ་རྒྱུའི་སྐུ་མགྲོན་གཙོ་བོའི་མཚན་གཞུང་ནང་། Russiaདང་། ལྷོ་ཀོ་རི་ཡའི་སྲིད་འཛིན་གཉིས་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཅས་ཡོད་པ་ལས་རྒྱལ་སྤྱིའི་རྒྱལ་ཁབ་གནད་ཡོད་ཆེ་ཁག་ཅིག་གི་དབུ་ཁྲིད་ཀྱི་མཚན་མཐོང་རྒྱུ་མེད་པ་རེད།
རྒྱ་ནག་གཞུང་གི་ངོས་ནས། དུས་དྲན་གྱི་མཛད་སྒོ་དེའི་ཐོག་འཛམ་གླིང་གི་རྒྱལ་ཁབ་སོག་ཡུལ་ནས་Egyptདང་། Venezuelaརིམ་པ་བར་གྱི་རྒྱལ་སྤྱིའི་དབུ་ཁྲིད་༣༠ ཕེབས་མཁན་ཡོད་པའི་སྐོར་བཤད་ཡོད་པ་དང་། འོན་ཀྱང་རྒྱ་ནག་གི་སྐུ་མགྲོན་གྱི་མཚན་གཞུང་ནང་དུ་ཆེས་མཐོའི་སྐུ་མགྲོན་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཆེ་ཁག་གང་ཞིག་དེ་སྔ་དམག་ཆེན་གཉིས་པ་གཡུལ་རྒྱལ་མཐུན་ཕྱོགས་རྒྱལ་ཁབ་ཨ་རི་དང་། དབྱིན་ཡུལ། ཧྥ་རན་སི། Australiaསོགས་རྒྱལ་ཁབ་དེ་དག་གི་དབུ་ཁྲིད་ཕེབས་ཀྱི་མེད་པ་དང་། དེའི་རྒྱུ་མཚན་ནི་། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ནང་དུ་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་དང་། དེ་བཞིན་རྒྱ་ནག་གཞུང་གིས་ས་ཆའི་བདག་དབང་རྩོད་ལེན་བྱེད་ཐབས་ཀྱི་ཐོག་ནས་འཇིགས་སྐུལ་བྱེད་པའི་བྱ་སྤྱོད་སོགས་ཀྱིས་རྐྱེན་པས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་དང་འབྲེལ་བ་ཉེ་རུ་གཏོང་འདོད་མེད་པའི་ཁར་། དུས་སྟོན་གྱི་མཛད་སྒོ་དེའི་ཐོག་ནས་འཛམ་གླིང་གི་སྡིངས་ཆའི་ཐོག་རྒྱ་ནག་དམར་ཤོག་ཚོགས་པ་དང་། རྒྱ་ནག་གི་སྲིད་འཛིན་Xi Jinpingགྱི་གནས་བབ་ཆེ་རུ་གཏོང་འདོད་མེད་པའི་རྣམ་འགྱུར་མཚོན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།