རྒྱ་ནག་ནི་ཆོས་ལུགས་རང་དབང་ལ་དམ་བསྒྲགས་ཆེ་ཤོས།

རྒྱ་ནག་ནང་ཆོས་དད་རང་དབང་ཐོག་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་ཡོད་པ་ཐེར་འདོན་གནང་བ་དེར་རྒྱ་ནག་གིས་ངོས་ལེན་བྱས་མི་འདུག།

2011.09.14

༄༅༎ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་རྒྱ་ནག་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཤར་ཏུར་ཀིསི་ཐན་གཉིས་ནང་མང་ཚོགས་ཀྱི་ཆོས་དད་རང་དབང་ཐོག་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་ཡོད་པ་ཐེར་འདོན་གནང་བ་དེར། རྒྱ་ནག་གིས་ངོས་ལེན་བྱས་མི་འདུག།

རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཅིའང་ཡུའུ་ཡིས་བདུན་རེའི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག། ཨ་མི་རི་ཀས་ལོ་ལྟར་སྙན་ཐོ་དེ་ལྟ་བུ་འདོན་སྤེལ་བྱས་ནས་རྒྱ་ནག་ནང་གི་ཆོས་དད་རང་དབང་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་དང་ རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་ཡོད་པ་དེར་ རྒྱ་ནག་གིས་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་བཞག།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཁ་ས་ ༢༠༡༠ལོའི་ཕྱི་ཟླ་༧ནས་༡༠བར་གྱི་ རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་དེ་འདོན་སྤེལ་གནང་ཡོད་པའི་ནང༌། རྒྱ་ནག་ནི་འཛམ་གླིང་ནང་ནས་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་སྲུང་མི་བྱེད་མཁན་རྒྱལ་ཁབ་སྡུག་ཤོས་ཀྱི་གྲས་སུ་ཡིན་པ་གསལ་བཏོན་གནང་ཡོད་ཅིང༌། ལྷག་པར་དུ་རྒྱ་ནག་གིས་བོད་ནང་ཆོས་དད་རང་དབང་ཐོག་དམ་བསྒྲཌ་བྱེད་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐེར་འདོན་གནང་ཡོད་པ་རེད།

རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གྱི་མགྲིན་ཚབ་པ་ཅིའང་ཡུའུ་ཡིས་ རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཚང་མར་ཁྲིམས་ལུགས་གཞིར་བཟུང་རང་རང་སོ་སོའི་དད་པ་ཡོད་སའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡག་གི་རང་དབང་ཆ་ཚང་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ཨ་མི་རི་ཀས་རྒྱ་ནག་མཉམ་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་ཐོག་འབད་བརྩོན་ཆེ་ཙམ་བྱ་དགོས་རྒྱུའི་འབོད་སྐུལ་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎