༸གོང་ས་མཆོག་དང་ཕེ་རན་སིའི་སྲིད་འཛིན་བར་མཇལ་འཆར་ལ་རྒྱ་གཞུང་ནས་ངོ་རྒོལ།

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པས་ཡུལ་གྲུ་སུ་ཞིག་གིས་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱ་རྒྱུར་དགག་ཆ་ཡོད་ཅེས་སླར་ཡང་འགྲེལ་བརྗོད་བྱས་འདུག

2008.07.01

༄༅༎རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ལིའུ་ཅན་ཁྲའོ་ཡིས་གསུང་པར་ ཡུལ་གྲུ་སུ་ཞིག་གིས་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱ་རྒྱུར་དགག་ཆ་ཡོད་ཅེས་དང་དེ་བཞིན་ཏཱ་ལའི་སྐུ་ཚབ་དང་རྒྱ་ནག་དབུས་གཞུང་དབར་མཇལ་མོལ་གནང་རྒྱུ་དེའང་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པ་ལས་དེར་ཕྱིའི་རྒྱལ་ཁབ་ཀྱིས་ཐེ་བྱུས་བྱེད་མི་རུང་བ་ཞིག་དང་དེ་བཞིན་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་དང་བོད་ཀྱི་གནད་དོན་མཉམ་བསྲེས་བྱ་རྒྱུར་ངོ་རྒོལ་ཡོད་ཅེས་གསུང་ཡོད་པ་རེད་ ཕེ་རན་སིའི་བརྙན་འཕྲིན་ཞིག་ནང་སྤྱི་ཟླ་༦པའི་ཚེས་༣༠ཉིན་ཕེ་རན་སིའི་སྲིད་འཛིན་ ནི་ཀོ་ལ་སེ་ སར་ཀོ་ཛི་ མཆོག་གིས་གསུང་པར་ གལ་ཏེ་རྒྱ་ནག་གཞུང་གིས་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་གྲོས་མོལ་འགོ་འཛུགས་གནང་བ་ཡིན་ན་ ཕེ་རན་སིའི་སྲིད་འཛིན་མཆོག་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་སར་ཕེབས་སྲིད་པའི་སྐོར་དང་དེ་བཞིན་ཕེ་རན་སིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབར་བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་ཡག་པོ་ཡོང་བའི་ཐུགས་རེ་གནང་གི་ཡོད་ལུགས་སོགས་རྒྱ་ནག་གི་ཕྱོགས་ནས་དགོངས་བཞེས་གནང་བ་ཡིན་ན་ རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་ཀྱི་མཛད་སྒོའི་སར་མཉམ་ཞུགས་གནང་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད། སྤྱི་ཟླ་༨པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་སྲིད་པའི་སྐོར་གསུང་ཡོད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎