རྒྱ་ནག་ནང་རི་ལིའི་ལྕགས་ལམ་བཟོ་བསྐྲུན་རྒྱ་ཆེར་གཏོང་འཆར།

རྒྱ་ནག་ནང་རི་ལི་ལྕགས་ལམ་གཞི་རྒྱ་ཆེན་པོའི་ཐོག་འཛུགས་བསྐྲུན་བྱ་རྒྱུའི་ཆེད་ཨ་སྒོར་འཐེར་འབུམ་ཉིས་བརྒྱ་དགུ་ཅུ་གོ་གསུམ་ཙམ་གཏོང་རྒྱུ།

2008.10.27

༄༅༎རྒྱ་ནག་གི་ས་ཁུལ་ཁག་ལ་རི་ལི་ལྕགས་ལམ་གཞི་རྒྱ་ཆེན་པོའི་ཐོག་འཛུགས་བསྐྲུན་བྱ་རྒྱུའི་ཆེད་རྒྱ་ནག་གཞུང་གིས་ཨ་སྒོར་འཐེར་འབུམ་ཉིས་བརྒྱ་དགུ་ཅུ་གོ་གསུམ་ཙམ་གྱི་འགྲོ་གྲོན་གཏོང་རྒྱུ་ཡིན་སྐོར་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་ལས་ཁང་གིས་དྲིལ་བསྒྲགས་བྱས་ཡོད་པ་རེད།

གནད་དོན་ཉམས་ཞིབ་པ་ཚོས་གསུངས་ན་དེ་ནི་ད་ལྟ་ཨ་རིས་གཙོས་རྒྱལ་སྤྱིའི་དཔལ་འབྱོར་ལ་ཉམས་རྒུད་ཤུགས་ཆེ་འགྲོ་བཞིན་པ་ལྟར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལའང་ཤུགས་རྐྱེན་གང་ཆེ་ཡོང་གི་ཡོད་པར་རྒྱ་ནག་གཞུང་གིས་ཡུལ་ནང་མང་ཚོགས་ལ་ལས་ཀའི་གོ་སྐབས་བསྐྲུན་ཐབས་བཅས་སུ་དམིགས་པ་བརྒྱུད་རྒྱལ་ཁབ་ཀྱི་ཉམས་རྒུད་འགྲོ་བཞིན་པའི་དཔལ་འབྱོར་གྱི་གནས་བབ་སྐྱོབ་ཐབས་ཀྱི་ལས་འཆར་ཆེན་པོ་ཞིག་ཡིན་སྐོར་གསུངས་ཀྱི་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་གི་རི་ལིའི་ལས་དོན་ལྷན་ཁང་གི་དཔོན་རིགས་ལྦང་ཡོང་ཞུ་བས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཕྱི་ལོ་༢༠༢༠བར་ཡུལ་ནང་རི་ལིའི་ལྕགས་ལམ་འཛུགས་བསྐྲུན་གྱི་ལས་གཞིའི་ཆེད་ཨ་སྒོར་འཐེར་འབུམ་ཉིས་བརྒྱ་དགུ་ཅུ་གོ་གཉིས་གྱི་འགྲོ་གྲོན་བཀའ་ཁྲོལ་གནང་ཡོད་པ་དང་དངོས་གཞིའི་ལས་འཆར་གྱི་སྡོམ་འབོར་དེ་དེ་བས་ཀྱང་ཆེ་བ་ཡོང་གི་རེད་ཅེས་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་ལས་ཁང་ལ་ངོ་སྤྲོད་བྱས་ཡོད་པ་དང་དེ་ནི་སྤྱི་འཆར་རྒྱ་ནག་གི་ད་ལྟ་རྒྱ་ཁྱོན་མལ་ལེ་༤༨༧༥༠ཡོད་པའི་རི་ལིའི་ལྕགས་ལམ་དེ་ཕྱི་ལོ་༢༠༢༠ནང་ཚུད་མལ་ལེ་སྟོང་ཕྲག་བདུན་ཅུ་དོན་ལྔའི་བར་རྒྱ་བསྐྱེད་གཏོང་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད།

གནད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་རི་ལིའི་ལྕགས་ལམ་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་རྒྱུ་དེ་ནི་མཐའ་མཚམས་ཀྱི་མངའ་ཁུལ་ཁག་ལ་དཔལ་འབྱོར་གྱི་ལས་གཞི་འཛུགས་བསྐྲུན་དང་དམིགས་བསལ་བོད་དང་ཤིན་ཅང་གི་ས་ཁུལ་ལྟ་བུ་ཡིན་ན་རྒྱ་ནག་ལས་ཁ་བྲལ་ཐབས་མེད་པར་རྒྱ་ནག་སྤྱིའི་ས་ཁུལ་ནང་ཟླ་སྒྲིལ་གཏོང་རྒྱུའི་དམིགས་ཡུལ་ངེས་ཅན་ཞིག་བཟུང་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎