པེ་ཅིང་གི་འགྲེམས་སྟོན་ཁང་གི་འགོ་ཁྲིད་ཐའེ་ལྦན་དུ་འབྱོར་ཡོད་པ།

རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གི་སྐད་གྲགས་ཆེ་བའི་འགྲེམས་སྟོན་ཁང་གི་འགོ་ཁྲིད་རེས་གཟའ་ཉི་མའི་ཉིན་ཐའེ་ལྦན་དུ་འཚམས་འདྲིར་འབྱོར་ཡོད་པ།

2009.03.01

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གི་སྐད་གྲགས་ཆེ་བའི་འགྲེམས་སྟོན་ཁང་གི་འགོ་ཁྲིད་རེས་གཟའ་ཉི་མའི་ཉིན་ཐའེ་ལྦན་དུ་འཚམས་འདྲིར་འབྱོར་ཏེ་རྒྱ་ནག་དང་ཐའེ་ལྦན་མཚོ་ཁག་གཉིས་བར་ལ་འབྲེལ་ལམ་ཡར་རྒྱས་མགྱོགས་སུ་ཕྱིན་པའི་མཚོན་རྟགས་གསར་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཁ་སྔོན་ཕྱི་ཟླ་གཉིས་པའི་ནང་ཐའེ་ལྦན་གྱི་རྒྱལ་ས་ཐའེ་ཕེ་ཡི་འགྲེམས་སྟོན་ཁང་གི་འགན་འཛིན་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་པའི་རྗེས་ད་རེས་རྒྱལ་ས་པེ་ཅིང་གི་དབུས་སུ་ཆགས་པའི་གནའ་བོའི་རྒྱ་ནག་གི་མིང་དང་ཆིང་རྒྱལ་རབས་ཀྱི་ཕོ་བྲང་ནང་གི་འགྲེམས་སྟོན་ཁང་གི་འགན་འཛིན་ཀྲེང་ཞིན་མའོ་ཉིན་བཞིའི་རིང་ཐའེ་ལྦན་དུ་འཚམས་འདྲི་བྱ་རྒྱུ་དང་རེས་གཟའ་ཉི་མའི་ཉིན་རྒྱལ་ས་ཐའེ་ཕེ་ཡི་གནམ་ཐང་དུ་འབྱོར་བའི་སྐབས་གསར་འགོད་པར་ང་ཚོ་ཕྱོགས་ཕན་ཚུན་བར་གལ་འགངས་ཆེ་བའི་བརྗེ་ལེན་བྱ་རྒྱུ་འགོ་བཙུགས་བཞིན་ཡོད་པ་དང་ང་ཚོ་ཁ་ཕྱོགས་དེའི་ཐོག་མུ་མཐུད་བསྐྱོད་བཞིན་ཡོད་ཅེས་བཤད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་བཅུ་པའི་ནང་ཐའེ་ལྦན་དང་རྒྱ་ནག་གི་འགྲེམས་སྟོན་ཁང་གཉིས་པོ་མཉམ་འབྲེལ་གྱིས་འགྲེམས་སྟོན་གྱི་བྱེད་སྒོ་ཞིག་སྤེལ་རྒྱུར་པེ་ཅིང་གི་གནའ་བོའི་འགྲེམས་སྟོན་ཁང་གིས་ཐའེ་ལྦན་གྱི་འགྲེམས་སྟོན་ཁང་དུ་དེ་སྔ་ཕྱི་ལོ་༡༦༤༤ནས་༡༩༡༡བར་གྱི་ཆིང་རྒྱལ་རབས་ཀྱི་རིགས་དངོས་ཁག་ཉི་ཤུ་རྩ་དགུ་ཆེད་གཏོང་བྱ་རྒྱུ་ཡིན་ཞིང་པེ་ཅིང་གི་འགྲེམས་སྟོན་ཁང་དེ་ཡིས་རྒྱ་ནག་གི་ལོ་ངོ་བདུན་སྟོང་གི་ལོ་རྒྱུས་ལྡན་པའི་རིགས་དངོས་རྙིང་པ་དྲུག་འབུམ་ལྔ་ཁྲི་ལྔ་སྟོང་ལྷག་ཉར་ཚགས་བྱས་ཡོད་པ་རེད། ན་ནིང་རྒྱ་ནག་དང་ཐའེ་ལྦན་མཚོ་ཁག་བར་འབྲེལ་ལམ་ཡར་རྒྱས་ཕྱིན་པར་ངོས་འཛིན་བྱས་ཏེ་རྒྱ་ནག་གི་སྐུ་ཚབ་ཐའེ་ལྦན་དུ་བསྐྱོད་ཡོད་ཀྱང་སྐབས་དེར་ཐའེ་ལྦན་རང་བཙན་འདོད་མཁན་ཚོས་ངོ་རྒོལ་གྱིས་འབུད་རྒྱག་རྒྱབ་སྟེ་རྒྱ་ནག་གི་སྐུ་ཚབ་ཅིག་ས་ལ་འགྱེལ་བའི་གནས་ཚུལ་བྱུང་སྟེ་འཚམས་འདྲི་གནས་བཟོད་མི་བདེ་བ་བྱུང་བ་བཞིན་ད་རེས་ཀྱི་འཚམས་འདྲི་དང་འབྲེལ་ལམ་དེ་ལམ་ལྷོང་ཞིག་ཡོང་མིན་བློ་དོགས་བྱེད་དགོས་པ་ཞིག་ཏུ་གྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎