དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ།

2025.02.08
དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ། དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ།
Photo: RFA

དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་གི་ Royal Mint Court ཞེས་པའི་ས་གནས་སུ་རྒྱ་ནག་གི་གཞུང་ཚབ་ལས་ཁང་ཆེན་པོ་ཞིག་གསར་རྒྱག་བྱ་རྒྱུའི་འཆར་གཞི་ཡོད་པ་དེར་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་བོད་མི་དང་། ཤར་ཏུར་ཀིསི་ཐཱན་གྱི་ཡུ་གུར་མི་རིགས། ཧོང་ཀོང་ལས་འགུལ་བ། ཐེ་ཝན་ནས་རྒྱ་རིགས་ལས་འགུལ་བ། དེ་བཞིན་རྒྱ་ནག་སྐམ་ས་ནས་ཡིན་པའི་རྒྱ་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་མི་བཅས་ཁྱོན་མི་གྲངས་སྟོང་ཕྲག་མང་པོ་མཉམ་ཞུགས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག་ལ། ལས་འགུལ་གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་ཁག་གིས་མི་གྲངས་བཞི་སྟོང་ཙམ་འཛོམས་ཡོད་པ་འགྲེལ་བརྗོད་གནང་གི་འདུག


ངོ་རྒོལ་གྱི་ལས་འགུལ་འདིའི་ནང་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་མཉམ་བཞུགས་གནང་འདུག་ལ། བོད་དང་བཙན་གནོན་འོག་གི་མི་རིཊ་ཀྱི་གོ་ལའི་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་དང་ལེན་གནང་སྐབས། ད་རེས་ཀྱི་ལས་འགུལ་ནང་བོད་མི་དང་། ཡུ་གུར། ཧོང་ཀོང་ལས་འགུལ་བ། རྒྱ་ནག་མང་གཙོ་དོན་གཉེར་བ་ཙམ་གྱིས་མ་ཚད་ས་གནས་མི་མང་མང་པོ་ཞིག་གིས་ཀྱང་མཉམ་ཞུགས་གནང་ཡོད་པ་གསུངས་བྱུང་ལ།  གལ་སྲིད་དབྱིན་ཇིའི་གཞུང་གིས་རྒྱ་ནག་གཞུང་ཚབ་ཁང་ཆེན་པོ་དེ་འདྲ་ཞིག་བརྒྱབ་རྒྱུའི་ཆོག་མཆན་སྤྲད་པ་ཡིན་ན། ཡོ་རོབ་ནང་གི་རྒྱ་ནག་གཞུང་ཚབ་ཆེ་ཤོས་དེ་ཆགས་རྒྱུ་ཡིན་པ་དང་། དེའི་བརྒྱུད་ནས་བོད་དང་ཡུ་གུར་སོགས་རྒྱུན་གཏན་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཚོར་དམ་དྲག་དང་ལྟ་སྲུང་ནན་པོའི་འོག་བཅུག་རྒྱུའི་ཉེན་ཁ་ཡོད་སྐོར་གསུངས་སོང་།
རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞི་འདིའི་ཆེད་ས་གནས་ Tower Helmets གྲོང་སྡེ་ལས་ཁུངས་ནས་ཀྱང་ས་གནས་འདིར་ངོ་རྒོལ་རིགས་མང་པོ་ཡོང་ཉེན་ཡོད་པའི་ཉེ་ཁུལ་གྱི་བརྟན་ལྷིང་དང་འུར་ཟིང་བཅས་ཀྱིས་དཀའ་ངལ་ཡོང་རྒྱུའི་ཉེན་ཁ་ཡོད་པ་བརྗོད་དེ་ཕྱི་ལོ་ ༢༠༢༢ ལོར་ཆོག་མཆན་མི་སྤྲོད་པར་བཀག་འགོག་བྱས་ཡོད་པ་རེད་ལ།  ཕྱི་ཚེས་ ༨ ཉིན་གྱི་ལས་འགུལ་གོ་སྒྲིག་གནང་མཁན་ཚོས་ངོས་ནས་ལས་གཞི་འདི་ཕྱིར་འཐེན་མ་བྱེད་ཀྱི་བར་མུ་མཐུད་ངོ་རྒོལ་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་། 

1000147637.jpg

ཕྱི་ལོ་ ༢༠༡༨ ལོར་ལོ་རྒྱུས་ཐོག་ནས་གྲགས་ཆེ་བའི་དབྱིན་ཡུལ་གྱི་རྒྱལ་ས་ལོན་ ཌོན་ནང་གི་ Royal Mint Court ཞེས་པའི་ས་གནས་དེར་རྒྱ་ནག་གཞུང་གིས་དབྱིན་ཇིའི་སྒོར་མོ་ Pound ས་ཡ་ ༢༢༥ སྤྲད་དེ་ས་ཆ་ཆེན་པོ་ཞིག་ཉོས་ཡོད་པ་དང་། ས་གནས་དེར་ཡོ་རོབ་རྒྱལ་ཡོངས་ནང་ནས་རྒྱ་ནག་གི་གཞུང་ཚབ་ཆེ་ཤོས་དེ་གསར་རྒྱག་བྱ་རྒྱུའི་དམིགས་ཡུལ་ཟིན་པ་དེར་ས་གནས་མི་མང་གིས་ངོ་རྒོལ་ཤུགས་ཆེ་བྱས་རྐྱེན་ Tower Helmets གྲོང་སྡེ་ལས་ཁུངས་ཀྱིས་ལས་གཞི་དེས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོའི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པའི་སེམས་འཚབ་ཡོད་པ་བརྗོད་དེ་ས་གནས་དེར་རྒྱ་ནག་གི་གཞུང་ཚབ་ཆེན་པོ་གསར་པ་ཞིག་གསར་རྒྱག་བྱེད་འཆར་དེར་ཁས་ལེན་གནང་མེད་སྟབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབྱིན་ཇིའི་སྲིད་གཞུང་གསར་པའི་སྲིད་བློན་ལ་འབོད་སྐུལ་ཞུས་པར་བརྟེན། སྲིད་གཞུང་གསར་པས་གྲོང་སྡེ་ལས་ཁུངས་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ལུགས་ཚེ་རིང་པ་སངས་ལགས་ཀྱིས་བརྗོད་བྱུང་། 

DSC_9331_1.JPG

ཕྱི་ཟླ་ ༢ ཚེས་ ༡༡ ཉིན་དབྱིན་ཇིའི་འཆར་འགོད་ལས་ཁུངས་ཀྱིས་ཁུལ་དེར་རྒྱ་ནག་གཞུང་ཚབ་ཆེན་མོ་གསར་རྒྱག་བྱས་ན་འོས་མིན་ཞིབ་འཇུག་གནང་རྒྱུ་འགོ་འཛུགས་གནང་སྟེ་ཐག་ཆོད་གནང་གི་ཡོད་པ་རེད། ཐེངས་འདིའི་མི་ཚོགས་ཆེན་པོ་འདུ་འཛོམས་བྱུང་པའི་ངོ་རྒོལ་གྱི་ལས་འགུལ་སྐབས་ས་གནས་ཉེན་རྟོག་པས་མི་གཉིས་ཙམ་འཛིན་བཟུང་བྱས་འདུག

འབྲེལ་ཡོད་གནས་ཚུལ་ཁག
རྒྱ་ནག་གི་གཞུང་ཚབ་ཁང་རྒྱག་རྒྱུར་ས་གནས་འབྲེལ་ཡོད་ལས་ཁུངས་ཀྱིས་ངོས་ལེན་གནང་མི་འདུག
དབྱིན་ཡུལ་གྱི་ (London Borough) ཞེས་པའི་མངའ་ཁུལ་དུ་རྒྱ་ནག་གི་གཞུང་ཚབ་ཁང་རྒྱག་རྒྱུར་ས་གནས་འབྲེལ་ཡོད་ལས་ཁུངས་ཀྱིས་ངོས་ལེན་གནང་མི་འདུག
དབྱིན་ཡུལ་གྱི་གྲོང་ཁྱེར་ Tower Hamlets Borough ཞེས་པའི་ནང་རྒྱ་ནག་གཞུང་ཚབ་ལས་ཁུངས་སྤོ་བཞུད་བྱེད་འཆར་ལ་ངོ་རྒོལ།
དབྱིན་ཡུལ་དུ་རྒྱ་ནག་དམར་ཤོག་གི་བྱ་འགུལ་གསལ་བཏོན་དགོས་པའི་རྔམ་སྟོན་ལས་འགུལ་སྤེལ་ཡོད་པ།

གསར་འགོད་པ། ཚེ་དབང་དངོས་གྲུབ།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎