རྒྱ་ནག་ཧྲན་ཤིའི་ཞིང་ཆེན་ནང་ས་རུད་རྐྱེན་པས་མི་༡༧༨ཤི་བ།

རྒྱ་ནག་ཧྲན་ཤིའི་ཞིང་ཆེན་ནང་ས་རུད་ཤུགས་ཆེན་པོ་བྱུང་ནས་དེའི་རྒྱུད་ཀྱི་ཚོང་ར་དང་གྲོང་ཚོ་ས་བརྡེབས་འོག་ཤོར་ནས་མི་༡༧༨་ཚེ་སྲོག་ཤོར་འདུག

2008.09.12

༄༅༎རྒྱ་ནག་ཧྲན་ཤིའི་ཞིང་ཆེན་ནང་གང་བྱུང་གིས་གཏེར་བསྔོགས་འདོན་བྱེད་མཁན་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས་ཚེས་༨ཉིན་ཞིང་ཆེན་དེའི་ཐའོ་ཧྲེ་གྲོང་ཚོའི་བརྒྱུད་དུ་ས་རུད་ཤུགས་ཆེན་པོ་བྱུང་ནས་དེའི་རྒྱུད་ཀྱི་ཚོང་ར་ཞིག་དང་གྲོང་ཚོ་ཁ་ཤས་ས་བརྡེབས་འོག་ཤོར་ནས་ད་བར་མི་གྲངས་༡༧༨ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང༌། མི་གྲངས་སུམ་ཅུ་སོ་གྲངས་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་དེའི་སྐོར་གནས་ཚུལ་འཁོད་པར་གཞིགས་ན། ཚེ་སྲོག་ཤོར་བའི་ཕུང་པོ་༣༨ཙམ་ནང་མི་ཚོས་ངོ་རྟགས་ཆེད་ནས་རྩིས་ལེན་བྱས་ཟིན་པ་དང༌། གཞུང་ཕྱོགས་ནས་མི་ཤི་པོའི་ནང་མིར་སྐྱོན་ཚབ་སྤྲོད་དངུལ་མི་མང་ཤོག་སྒོར་ཁྲི་༢༠ཙམ་སྤྲོད་རྒྱུ་ཡིན་པ་འཁོད་འདུག ཧྲན་ཤིའི་ཞིང་ཆེན་གྱི་རྫོང་དང་གྲོང་ཚོ་ཁག་ནང་ས་གནས་གཞུང་དང་ཚོང་དོན་ཁེ་ལས་པ་ཚོའི་དབར་ལྐོག་འབྲེལ་བྱས་ནས་གཏེར་བསྔོགས་འདོན་བྱེད་ཆོག་པའི་ཁྲིམས་མཐུན་ལག་འཁྱེར་སོགས་གང་ཡང་མེད་པའི་འོག་གང་བྱུང་གི་གཏེར་ཁ་བསྔོགས་འདོན་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དང༌། གང་སར་གཏེར་ཁ་བསྔོགས་འདོན་གྱིས་ས་དྲུས་པའི་རྐྱེན་གྱིས་ས་ཁུལ་དེའི་ནང་ས་རུད་ཐེབས་རྒྱུའི་ཉེན་ཚབས་ཡོད་མུས་ཡིན་ཡང༌། གནད་དོན་དེར་གཞུང་ཕྱོགས་ནས་ཐག་གཅོད་མ་བྱས་སྟབས་ད་རེས་ཀྱི་དོན་རྐྱེན་དེ་བྱུང་བ་ཞིག་ཡིན་ཞིང༌། དེའི་ཐོག་ཧྲན་ཤིའི་ཞིང་ཆེན་གྱི་སྤྱི་ཁྱབ་འགན་འཛིན་ནས་ཞིང་ཆེན་གྱི་ལྷན་ཚོགས་ཐོག་ས་རུད་ཀྱི་གནོད་འཚེའི་ནང་ཚེ་སྲོག་ཤོར་བའི་མི་དེ་དག་གི་ནང་མི་ཚོར་དགོངས་སེལ་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎