བོད་རྔ་བ་ཀིརྟི་དགོན་གྱི་གྲ་ཞིག་ལ་ཁྲིམས་བཅད།

རྒྱ་མིའི་ཁྲིམས་ཁང་ཞིག་གིས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ལ་ལོ་༡༡རིང་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཏོང་རྒྱུའི་ཁྲིམས་བཅད།

2011.08.29

༄༅༎བོད་མདོ་སྨད་ཨ་མདོ་རྔ་བ་ཁུལ་གྱི་རྒྱ་མིའི་ཁྲིམས་ཁང་ཞིག་གིས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ལ་ ད་ལོ་ཕྱི་ཟླ་༣པའི་ཚེས་༡༦ཉིན་རང་ལུས་མེར་བསྲེག་བཏང་ནས་འདས་གྲོངས་ཕྱིན་པའི་དགེ་འདུན་པ་ཕུན་ཚོགས་ལགས་སྨན་ཁང་དུ་མ་འཁྲིད་པར་སྦས་བསྐུམས་བྱས་པའི་ནག་ཉེས་བཙུགས་ཏེ། ལོ་༡༡རིང་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་དེ་རིང་གནས་ཚུལ་སྤེལ་བཞག།

འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁང་གིས་གསུང་ན། དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་མདོ་སྨད་རྔ་བ་ཁུལ་རྒྱ་གཞུང་གིས་དམ་བསྒྲཌ་དང་དྲག་གནོན་ཤུགས་ཆེ་བྱེད་བཞིན་པར་ངོ་རྒོལ་གནང་ཆེད་ཁོང་གི་སྐུ་ལུས་མེར་བསྲེག་བཏང་གནང་ཡོད་པ་རེད། རྔ་བ་ཁྲིམས་ཁང་གིས་ དགེ་འདུན་པ་བརྩོན་འགྲུས་ལགས་སུ་ལོ་༡༡རིང་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཏོང་དགོས་དོན་ནི། ཁོང་གིས་ལོ་ན་༡༦ཡིན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ལ་རྨས་སྐྱོན་ཕོག་པ་ཤེས་བཞིན་དུ་སྨན་ཁང་ལ་སྨན་བཅོས་བྱེད་པར་མ་འཁྲིད་པར་སྦས་བསྐུམས་་བྱས་ཡོད་སྟབས་། སྨན་བཅོས་དུས་འགྱངས་བྱུང་བའི་རྐྱེན་གྱིས་གྲྭ་ཕུན་ཚོགས་ལ་སྲོག་སྐྱོན་བྱུང་ཡོད་ལུགས་སྐྱོན་འཛུགས་བྱས་འདུག། ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། དགེ་འདུན་པ་བརྩོན་འགྲུས་ཀྱི་དགེ་ཕྲུག་དང་ཚ་བོ་ཕུན་ཚོགས་ཀྱིས་ད་ལོ་ཕྱི་ཟླ་༣ཚེས་༡༦ཉིན་རང་ལུས་མེར་བསྲེག་བཏང་བ་དང༌། དེ་རྗེས་ཆུ་ཚོད་༡༡རིང་སྦས་བསྐུམས་་བྱས་ནས་བཞག་ཡོད་སྟབས། དེའི་ཉིན་ཕྱི་མ་སྔ་དྲོ་ས་གནས་སྨན་ཁང་ཞིག་དུ་སྨན་བཅོས་བྱས་ཡོད་ཀྱང་སྨན་བཅོས་ལམ་ལྷོང་མ་བྱུང་བར་། ཕུན་ཚོགས་འདས་གྲོངས་ཕྱིན་ཡོད་ཚུལ་བཀོད་འདུག། ་ཤིན་ཧྭ་གསར་ལམ་གྱིས་ བདུན་སྔོན་མ་ དགེ་འདུན་པ་ཕུན་ཚོགས་ལགས་འདས་གྲོངས་ཕྱིན་པའི་གྱོད་གཞི་དང་འབྲེལ་བ་ཡོད་པའི་དགེ་འདུན་པ་གཞན་གཉིས་ལ་ཁྲིམས་ཁང་གིས་ནག་ཉེས་བཙུགས་ཡོད་པའི་གནས་ཚུལ་མུ་མཐུད་འགྲེལ་བརྗོད་བྱས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎