དཀར་མཛེས་ཁུལ་དུ་བོད་མི་བཞི་ལ་བཙོན་འཇུག་གི་ཉེས་ཆད།

བོད་དཀར་མཛེས་ཁུལ་དུ་ན་ནིང་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ནག་ཉེས་འོག་བོད་མི་བཞི་ལ་བཙོན་འཇུག་གི་ཉེས་ཆད་ཐག་བཅད།

2009.02.22

༄༅༎ན་ནིང་བོད་ཆོལ་ཁ་གསུམ་ནང་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་བོད་དཀར་མཛེས་ཁུལ་དུའང་སྤེལ་བའི་ལས་འགུལ་ནང་བོད་མི་མཉམ་ཞུགས་བྱས་པའི་ནག་ཉེས་ཉེས་འཛུགས་ཀྱིས་དཀར་མཛེས་བོད་རིགས་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་ཟེར་བས་བོད་མི་བཞི་ལ་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་ཡོད་པའི་སྐོར་དེ་རིང་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་བོད་ཀྱི་དཀར་མཛེས་སྤང་རི་སྣ་ཞེས་པའི་བཙུན་དགོན་ནས་ཡིན་པ་ལོ་ན་སུམ་སུ་སོ་ལྔ་ཡིན་པའི་བཙུན་མ་བསོད་ལྷ་ཚོན་ལགས་ལ་མི་ལོ་བཅུའི་བཙོན་འཇུག་ཉེས་ཆད་བཏང་བ་དང་དེ་བཞིན་འབུམ་མོ་ལགས་སུ་ལོ་དགུའི་བཙོན་འཇུག་ཉེས་ཆད་བཏང་ཡོད་ཅིང་ན་ནིང་ཕྱི་ཟླ་ལྔ་པའི་ཚེས་བཅུ་བཞིའི་ཉིན་དཀར་མཛེས་ཁུལ་དུ་བཙུན་མ་ཚོས་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ངོ་རྒོལ་བྱས་པའི་སྐབས་རྒྱ་ནག་གཞུང་གིས་བཙུན་མ་༥༥དོ་དམ་བྱས་པའི་ཁོངས་སུ་ཁོང་གཉིས་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་ཡིན་ནའང་ཁོང་གཉིས་ལ་བཙོན་འཇུག་གི་ཉེས་ཆད་ག་དུས་ཐག་གཅོད་བྱས་ཡོད་མེད་ཀྱི་དུས་ཚོད་གསལ་པོ་ཤེས་རྟོགས་མེད་པའི་སྐོར་བཀོད་ཡོད་པ་རེད། དེ་བཞིན་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་དཀར་མཛེས་ཁུལ་དུ་བོད་མི་ཚོས་སྤེལ་བའི་ཞི་བའི་རྔམ་སྟོན་ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་ངག་དབང་བཀྲིས་ལགས་དང་རྡོ་རྗེ་བཀྲིས་ལགས་གཉིས་ལ་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་དང་ཁོང་གཉིས་ཀ་ལོ་བཅོ་བརྒྱད་ཡིན་ཞིང་དཀར་མཛེས་ས་ཁུལ་གྱི་རྗེ་སོང་རྡ་ཞེས་པའི་གྲོང་གསེབ་ས་ཁུལ་ནས་ཡིན་པ་རེད། ཁོང་གཉིས་ཐོག་མར་འཛིན་བཟུང་བྱས་པའི་སྐབས་དཀར་མཛེས་བདེ་འཇགས་ལས་ཁུངས་སུ་བཀག་ཉར་དོ་དམ་བྱས་པ་དང་དེ་རྗེས་དཀར་མཛེས་མི་དམངས་ཁྲིམས་ཁང་ཟེར་བས་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་མ་བྱས་པའི་ཟླ་བ་འགའ་ཤས་གོང་དེར་གྲང་སྒོ་བདེ་འཇགས་ལས་ཁུངས་སུ་བཙོན་འཇུག་བྱས་ཡོད་ཅིང་ཡིན་ནའང་ཁོང་གཉིས་ལ་ཁྲིམས་ཁང་གིས་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་ག་དུས་བྱས་ཡོད་མེད་དང་ཐག་གཅོད་བྱས་པའི་རྗེས་ད་ལྟ་ས་གནས་ག་པར་བཙོན་འཇུག་བྱས་ཡོད་མེད་ཤེས་རྟོགས་མེད་པ་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎