རྒྱ་ནག་གིས་བོད་དང་རྒྱ་གར་གྱི་ས་མཚམས་ས་ཁུལ་དུ་བདེ་འཇགས་ཆེད་ཨ་སྒོར་ཐེར་འབུམ་༡༤༦་ལྷག་ཙམ་གྱི་འགྲོ་གྲོན་གཏོང་རྒྱུ།


2020.09.07
རྒྱ་ནག་གིས་བོད་དང་རྒྱ་གར་གྱི་ས་མཚམས་ས་ཁུལ་དུ་བདེ་འཇགས་ཆེད་ཨ་སྒོར་ཐེར་འབུམ་༡༤༦་ལྷག་ཙམ་གྱི་འགྲོ་གྲོན་གཏོང་རྒྱུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་།
ཨེ་ཨེཕ་པི།

རྒྱ་ནག་གཞུང་གིས་ཉེ་ཆར་གསར་དུ་གསལ་བསྒྲགས་བྱས་པའི་ལས་འཆར་གསུམ་ཐེ་བའི་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་གྱི་བདེ་འཇགས་དང་རྨང་གཞིའི་འཛུགས་སྐྲུན་ཡར་རྒྱས་གཏོང་ཐབས་སུ་ཨ་མི་རི་ཀའི་ཌོ་ལར་ཐེར་འབུམ་༡༤༦ལྷག་ཙམ་གྱི་འགྲོ་གྲོན་གཏོང་རྒྱུ་ཡིན་པའི་སྐོར་གསལ་སྟོན་གནང་འདུག
ལས་འཆར་གསར་པའི་ནང་ཉམས་རྒུད་ཕྱིན་པའི་ཐག་རིང་ས་གནས་སུ་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ་དང་།  ལྷག་པར་དུ་བོད་རྒྱ་གཉིས་ཀྱི་ས་མཚམས་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་དོ་དམ་ཏུ་གཏོང་རྒྱུ་སོགས་ཡིན་པ་གསལ་སྟོན་གནང་ཡོད་པ་རེད།
བདུན་ཕྲག་སྔོན་མའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་དབར་བོད་ཀྱི་ལས་དོན་ཐད་ཀྱི་ཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཚོགས་པའི་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་།  རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་མདུན་སྐྱོད་ཀྱི་ལམ་བུ་འཕེལ་རྒྱས་ཀྱི་ལས་དོན་ལ་གྲུབ་འབྲས་ཐོན་པར་བསྔགས་བརྗོད་གནང་ཡོད་པ་རེད།  
ཡིན་ནའང་ཕྱུག་པོའི་ལམ་བུར་བསྐྱོད་རྒྱུར་འབད་བརྩོན་ལྷོད་མེད་བྱེད་དགོས་པ་མ་ཟད་མངའ་ཁུལ་དུ་ཆིག་སྒྲིལ་གྱི་ལས་དོན་ལ་ནུས་པ་ཐོན་པ་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།
ཡང་ཞིའི་ཡིས་སྤྱིར་བཏང་མཚོ་བོད་རི་ལིའི་ལྕགས་ལམ་གྱི་ལས་འཆར་སྒྲུབ་པའི་ཐོག  བོད་བལ་རི་ལིའི་ལྕགས་ལམ་གྱི་ལས་འཆར་མུ་མཐུད་འགྲོ་བཞིན་པ་དང་། ཡང་བོད་རང་སྐྱོང་ལྗོངས་ཁུལ་དུ་གསར་དུ་འཆར་བཀོད་བྱས་པའི་ལས་འཆར་ཁག་མུ་མཐུད་འགྲོ་བཞིན་ཡོད་ལུགས་གསལ་སྟོན་གནང་བ་དང་།  ལས་འཆར་དེ་ཚོ་ལམ་སེང་འཐུས་གཙང་ཆགས་རྒྱུའི་ཐད་ད་དུང་ལས་འཆར་དང་དམིགས་ཡུལ་གསར་པའི་ལས་དོན་ཐད་ལོ་མང་པོའི་རིང་མ་རྩ་འཛུགས་འཇོག་བྱེད་དགོས་ཀྱི་ཡོད་པ་སོགས་གསལ་སྟོན་གནང་འདུག འཛུགས་སྐྲུན་གྱི་ལས་འཆར་ནང་ནས་མཚོ་བོད་རི་ལིའི་ལྕགས་ལམ་གྱི་ལས་འཆར་དེ་ལས་འཆར་ཁག་ཤོས་ཤིག་ཆགས་ཡོད་པ་གནས་ཚུལ་ནང་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎