དྲ་རྒྱའི་ཚོཊ་ཆེན་དེ་དངངས་སྐྲག་སྐྱེས་གཞི་ཡིན་པའི་སྐྱོན་བརྗོད།
2014.11.19
རྒྱ་ནག་གིས་དྲ་རྒྱའི་བརྒྱུད་ལམ་ཐོག་སྟངས་འཛིན་བྱེད་ཕྱོགས་ཐད་དམིགས་བསལ་ཚོགས་འདུ་ཞིག་སྐོང་འཚོགས་བྱེད་ཀྱི་ཡོད་འདུག
དེ་ཡང་རྒྱ་ནག་གིས་བདུན་ཕྲག་འདིའི་ནང་ཝུ་ཁྲེན་Wuzhenདུ། མཉམ་འདུས་ཀྱི་འཛམ་གླིང་དང་ཀུན་གྱིས་སྐྱོང་བ་ཞེས་པའི་འཛམ་གླིང་དྲ་རྒྱའི་ཚོགས་ཆེན་ཞིག་སྐོང་འཚོགས་ཀྱིས་སླད་ཕྱིན་ནས་རྒྱལ་ནང་དང་། རྒྱལ་སྤྱིའི་ཐོག་དྲ་རྒྱའི་ནང་དོན་ལ་སྟངས་འཛིན་གྱི་སྤྱི་མཚུངས་ཀྱི་ལམ་སྲོལ་གསར་གཏོད་བྱ་རྩིས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག དྲ་རྒྱའི་ཐོག་སྟངས་འཛིན་བྱ་རྒྱུའི་སྲིད་བྱུས་དེ་ནི་དྲ་རྒྱའི་རང་དབང་རྩ་ཆེར་འཛིན་མཁན་ཚོའི་སྒལ་ཚིགས་ལ་ན་ཟུག་གཏོང་རྒྱུ་དང་། དངངས་སྐྲག་སྐྱེས་གཞི་ཞིག་རེད་ཅེས་ལོནྜོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཞིབ་འཇུག་པ་ཨི་ལིའེམ་ནྭི་William Neeཡིས་གསུངས་གནང་འདུག རེས་གཟའ་ལྷག་པའི་ཉིན་འགོ་འཛུགས་བྱ་རྒྱུའི་གོང་ཞུས་འཛམ་གླིང་དྲྭ་རྒྱའི་ཚོགས་ཆེན་གྱི་དམིགས་ཡུལ་གཙོ་བོ་ནི། སྤྱི་ཚོགས་ཆིག་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་པའི་མཉམ་སྤྱོད་ཀྱི་དྲ་རྒྱའི་ལམ་སྲོལ་གསར་གཏོད་བྱ་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག ཚོགས་ཆེན་དེར་ཆེད་དུ་གདན་ཞུ་བྱས་པའི་མི་སྣ་མ་གཏོགས་ཚོགས་ཞུགས་མི་ཆོག་པ་དང་། གསར་འགོད་པ་ཁ་ཤས་སྐད་བཏང་ཡོད་ཀྱང་གནས་ཚུལ་ཕྱིར་བསྒྲགས་མི་ཆོག་པའི་བཀོད་ཁྱབ་ནན་པོ་བཏང་ཡོད་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།