རྒྱ་ནག་གི་བདེ་སྲུང་བློན་ཆེན་རྒྱ་གར་དུ་འཚམས་གཟིགས་གནང་རྒྱུ་ཡིན་འདུག


2018.08.20
རྒྱ་ནག་གི་བདེ་སྲུང་བློན་ཆེན་ཝེཡི་ཧྥང་ཧྭ་(Wei Fenghe) 2018/4/4 རྒྱ་ནག་གི་བདེ་སྲུང་བློན་ཆེན་ཝེཡི་ཧྥང་ཧྭ་(Wei Fenghe) 2018/4/4
XINHUA

རྒྱ་ནག་དང་རྒྱ་གར་གྱི་འབྲེལ་ལམ་བསྐྱར་གསོའི་གྲོས་བསྡུར་ཆེད་རྒྱ་ནག་གི་བདེ་སྲུང་བློན་ཆེན་རྒྱ་གར་དུ་ཕེབས་རྒྱུ་ཡིན་འདུག
རྒྱ་ནག་གི་བདེ་སྲུང་བློན་ཆེན་ ཝེཡི་ཧྥང་ཧྭ་(Wei Fenghe)་ཕྱི་ཟླ་ ༨ ཚེས་ ༢༡ ནས་ཉིན་གྲངས་བཞིའི་རིང་རྒྱ་གར་དུ་ཕེབས་ནས་གཙོ་བོ་འདི་ལོ་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གི་ཝུ་ཧན་(Wuhan)གྲོང་ཁྱེར་དུ་རྒྱ་གར་གྱི་སྲིད་བློན་ན་རན་དྷརཱ་མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་རྣམ་གཉིས་མཇལ་འཕྲད་སྐབས་ཀྱི་ནང་མོལ་གྱི་འབྲུ་དོན་ལག་ལེན་འཁེལ་ཐབས་གནང་རྒྱུའི་ཆེད་ཡིན་འདུག་ཅིང་།   སྐབས་དེར་དབུ་ཁྲིད་རྣམ་གཉིས་ཀྱིས་ཡུལ་གཉིས་དབར་འབྲེལ་ལམ་གྱི་ལེའུ་གསར་པ་ཞིག་འགོ་འཛུཌ་ཀྱིས་ས་མཚམས་སྲུང་སྐྱོབ་ཐད་ཟུང་འབྲེལ་གྱི་ལས་གཞི་ཟབ་ཏུ་གཏོང་རྒྱུའི་བཀའ་མོལ་བྱུང་ཡོད་པ་བརྒྱུད་ལམ་ཁག་གིས་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད།  སྤྱིར་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་རྩོད་རྙོག་རྒྱུན་མི་ཆད་པར་གནས་མུས་ཡིན་པའི་ཁར། སྔ་ལོ་འབྲུག་ཡུལ་གྱི་འབྲོག་ལམ་ས་མཚམས་ས་གནས་སུ་འཐབ་རྩོད་ཆེན་པོ་བྱུང་ནས་ཡུལ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད།
ད་ཆ་ཡུལ་གཉིས་དབར་ཛ་དྲག་གི་གནད་དོན་འདི་རིགས་སྔོན་འགོག་བྱ་ཕྱོགས་སུ་དམིགས་ནས་འབྲེལ་ལམ་བསྐྱར་གསོའི་ལས་དོན་སྤེལ་བཞིན་ཡོད་པ་དང་།  རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ནས་རྒྱ་ནག་གི་བདེ་སྲུང་བློན་ཆེན་དང་གཟའ་ལྷག་པའི་ཉིན་མཇལ་འཕྲད་གནང་རྒྱུ་ཡིན་འདུག་ལ།  དེ་བཞིན་རྒྱ་ནག་གི་གཟིགས་བསྐོར་སྐུ་ཚབ་ཚོགས་པས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་ནིར་མ་ལ་སི་ཐ་ར་མན་(Nirmala Sitharaman) དང་ཡང་མཇལ་འཕྲད་གནང་རྒྱུ་ཡིན་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎