རྒྱ་གཞུང་གིས་ཁ་བྲལ་རིང་ལུགས་ཁ་གཏད་དགོན་པ་གསར་རྒྱག།
2011.10.26
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ཕྱོགས་མཉེས་ཐང་ཁུལ་གྱི་ཐང་ཆེན་ཞིག་ཏུ་ནང་ཆོས་སློབ་གཉེར་མཐོ་སློབ་ཞེས་པ་ཞིག་གསར་རྒྱག་བྱས་ནས་སློབ་གྲ་ དེའི་ནང་བོད་ཀྱི་དགོན་སྡེ་ཁག་ནས་སྐྲུལ་སྐུ་དང་། དགེ་འདུན་སློབ་གཉེར་དུ་བསྡུ་བསྐོངས་བྱས་ཏེ་ཁ་བྲལ་རིང་ལུགས་ཞེས་པའི་དགེ་འདུན་ཚོར་ཁ་གཏད་ཀྱི་དཔུང་ཁག་འཛུགས་རྒྱུར་དམིགས་ནས་སློབ་གྲ་གསར་བཙུགས་བྱས་པ་ཞིག་ཡིན་པའི་སྐོར་ཕ་ཡུལ་དྲ་གནས་ཐོག་གནས་ཚུལ་འཁོད་འདུག
ཕྱི་ཟླ་བཅུ་པའི་ཚེས་༢༠ཉིན་བོད་ཀྱི་ནང་བསྟན་མཐོ་རིམ་སློབ་གཉེར་ ཁང་དེ་འགོ་བཙུགས་མཛད་སྒོ་སྤེལ་ཡོད་པ་དང་། དེའི་ཐོག རྒྱ་ནག་དབུས་གཞུང་གི་སྐུ་ཚབས་སུ་རྒྱ་ནག་ཐབས་ཕྱོགས་གཅིག་འགྱུར་ལས་ཁང་གི་ བློན་ཆེན་གཞོན་པ་ཀྲུའུ་འོད་ཇུན་ཆེད་ཕེབས་ཀྱིས་མཛད་སྒོའི་ཐོག་གཏམ་བཤད་སྤེལ་ ཡོད་ཅིང་།དེའི་ནང་བོད་རྒྱུད་ནང་བསྟན་མཐོ་རིམ་སློབ་གཉེར་ཁང་དེ་གསར་བཙུགས་ ཐུབ་པ་དེས་གཅིག་ནས་བོད་བརྒྱུད་ནང་བསྟན་སློབ་གཉེར་གྱི་ལམ་ལུགས་དང་སྲོལ་ རྒྱུན་གྱི་རྨང་གཞིའི་ཐོག དེང་རབས་ཅན་དང་།འཆར་གཞི་ཡོད་པའི་ལམ་བུའི་ཐོག་ནས་དམིགས་བསལ་ཁྱད་ཆོས་འདོན་ ཐུབ་རྒྱུ་མ་ཟད། དེ་བས་རྣམ་པ་བཟང་པོའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་གསོ་ སྐྱོངས་བྱ་ཐུབ་རྒྱུ་དང་། ལྷག་པར་དུ་ ཁ་བྲལ་རིང་ལུགས་པས་ཆོས་ལུགས་ནང་མཉམ་སྲེས་བྱེད་རྒྱུར་བཀག་སྡོམ་ཐུབ་རྒྱུ་ཡིན་ ལུགས་སོགས་བཤད་པའི་སྐོར་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་རྒྱུད་ལམ་ཁག་གི་ ཐོག་གནས་ཚུལ་སྤེལ་ཡོད་པ་རེད། གསར་དུ་བཙུགས་པའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གཉེར་ཁང་དེའི་ནང་སློབ་མ་ སྐྲུལ་སྐུ་ཚུད་པའི་དགེ་འདུན་ཁྱོན་༡༥༠དང་ཡོད་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བར། སློབ་མ་དེ་དག་བོད་ཀྱི་དགོན་སྡེ་ཁག་ལ་མི་གྲངས་དགོས་ནས་སློབ་མ་གཏོང་རྒྱུའི་ བཙན་བཀའ་གཏང་ཡོད་པ་དང་།སློབ་མ་དེ་དག་དུས་ཡུན་ལོ་གཉིས་ནས་བཞི་བར་ནང་བསྟན་ མཐོ་རིམ་སློབ་གྲ་དེའི་ནང་སློབ་གཉེར་བྱེད་དགོས་ཀྱི་ཡོད་འདུག།