རྒྱ་གར་ལ་རྡུལ་ཕྲན་ནུས་ཤུགས་འཕྲུལ་ལས་ཚོང་བསྒྱུར་སྐོར།

རྒྱ་གར་ལ་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་གྱི་ཆེད་བེད་སྤྱོད་བྱེད་སྲིད་པའི་གནད་དོན་དེར་བསམ་ཞིབ་ནན་པོ་བྱེད་དགོས་ལུགས་རྒྱ་ནག་གིས་བརྗོད་འདུག

2008.09.02

༄༅༎རྒྱ་གར་ལ་རྡུལ་ཕྲན་ནུས་ཤུགས་མཁོ་འདོན་གྱི་འཕྲུལ་ལས་ཚོང་བསྒྱུར་བྱ་སྐབས་ འཕྲུལ་ལས་དེ་དག་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་གྱི་ཆེད་བེད་སྤྱོད་བྱེད་སྲིད་པའི་གནད་དོན་དེར་བསམ་ཞིབ་ནན་པོ་བྱེད་དགོས་ལུགས་རྒྱ་ནག་གཞུང་གིས་གཟའ་མིག་དམར་ཉིན་བརྗོད་འདུག

གཟའ་ཕུར་བུ་དང་པ་སངས་བཅས་ཉིན་གྲངས་གཉིས་ཀྱི་རིང་ཨོ་སི་ཏྲི་ཡའི་རྒྱལ་ས་ལྦིཡེ་ནར་རྒྱལ་སྤྱིའི་རྡུལ་ཕྲན་ལས་དོན་ལྷན་ཁང་གི་ཚོགས་མི་རྣམས་དང་ལྷན་དུ་རྒྱ་གར་ལ་ཨ་མི་རི་ཀའི་ངོས་ནས་ཞི་བའི་ལས་དོན་ཆེད་རྡུལ་ཕྲན་འཕྲུལ་ལས་ཚོང་བསྒྱུར་བྱེད་ཕྱོགས་ཀྱི་གནད་དོན་ཐད་བཀའ་བསྡུར་གནང་གི་ཡོད་པ་དང་ གོང་གི་གཏམ་བཤད་དེ་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཇིཡང་ཡུས་ཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བརྗོད་པ་ཞིག་ཡིན་པ་རེད་

རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཇིཡང་ཡུས་རྡུལ་ཕྲན་འཕྲུལ་ལས་ཚོང་བསྒྱུར་བྱ་མཁན་གྱི་རྒྱལ་ཁབ་བཞི་བཅུ་ཞེ་ལྔ་པོ་དེ་དག་གིས་རྡུལ་ཕྲན་མཚོན་ཆ་ཁྱབ་བརྡལ་བཀག་སྡོམས་དང་ ཞི་བའི་ལས་དོན་ཆེད་ཀྱི་རྡུལ་ཕྲན་ལས་གཞི་མཁོ་སྒྲུབ་བྱ་ཕྱོགས་གཉིས་ཀའི་ཐད་ཆ་སྙོམས་སྟངས་འཛིན་ལེགས་པོ་གནང་རྒྱུར་རྒྱ་ནག་གཞུང་གིས་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད་

སྤྱིར་བཏང་གོང་གི་རྒྱལ་ཁབ་བཞི་བཅུ་ཞེ་ལྔ་པོ་དེ་དག་གིས་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་ཁྱབ་བརྡལ་བཀག་སྡོམས་ཀྱི་ཆིངས་དོན་ལ་མིང་རྟགས་མ་བཀོད་མཁན་གྱི་ཡུལ་གྲུ་ཞིག་ལ་རྡུལ་ཕྲན་འཕྲུལ་རིགས་ཚོང་བསྒྱུར་བྱ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པ་དང་ རྒྱ་གར་ནི་ཆིངས་དོན་དེར་མིང་རྟགས་མ་བཀོད་མཁན་གྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་རེད་

འོན་ཀྱང་ཨ་མི་རི་ཀ་དང་འདྲ་བ་ཡུལ་གྲུ་ཁག་གཅིག་གིས་རྒྱ་གར་དང་རྡུལ་ཕྲན་ལས་འཆར་གྱི་ཐད་མཉམ་ལས་སྤེལ་རྒྱུར་འདོད་པ་ཆེན་པོ་བྱེད་མཁན་ཡོད་པ་དང་ ཡང་ཁག་ཅིག་གིས་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་ཁྱབ་བརྡལ་བཀག་སྡོམས་ཀྱི་ཆིངས་དོན་ལ་མིང་རྟགས་མ་བཀོད་མཁན་གྱི་རྒྱལ་ཁབ་ཅིག་ལ་རྡུལ་ཕྲན་འཕྲུལ་རིགས་ཚོང་བསྒྱུར་བྱས་ཚེ་དེས་མ་འོངས་པར་ཁྲིམས་མེད་ཀྱི་ཡུལ་གྲུ་མང་པོ་ཞིག་གིས་ཀྱང་རྡུལ་ཕྲན་མཁོ་སྒྲུབ་བྱ་རྒྱུར་ལམ་ལུགས་དེ་བེད་སྤྱོད་བྱེད་སྲིད་པའི་སེམས་འཚབ་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎