གནམ་གཤིས་འགྱུར་ལྡོག་གི་ཆིངས་ཡིག་ལ་རྒྱ་ནག་འདོད་པ་བྱུང་བ།

འཛམ་གླིང་གཤམ་གཤིས་འགྱུར་ལྡོག་གི་མོས་མཐུན་ཆིངས་ཡིག་ནང་རྒྱ་ནག་གི་འདོད་དོན་གང་མཚམས་བསྒྲུབས་པ།

2009.12.19

༄༅༎རྒྱ་ནག་གཞུང་གིས་ཆབ་སྲིད་སྟོབས་ཤུགས་ལོངས་སུ་སྤྱད་དེ་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐོག་རང་ཉིད་ཀྱི་འདོད་དོན་དང་ཉེ་བའི་མོས་མཐུན་ཆིངས་ཡིག་འཇོག་ཐབས་བྱས་པ་ལྟར་འདོད་དོན་གང་མཚམས་གྲུབ་ཐུབ་པ་བྱུང་ཡོད་ཀྱང་།རྒྱལ་སྤྱིའི་ནང་རྒྱ་ནག་གི་ཆེས་མཐོང་ལ་ཉམས་ཉེས་བྱུང་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་མཁའ་རླུང་བག་བཙོག་བཟོ་གཞིའི་དུག་རླངས་ཀྱི་ཚད་གཞི་རང་ཉིད་ཀྱི་འདོད་པ་ལྟར་དྭངས་བླངས་ཀྱི་ཐོག་ནས་དམའ་རུ་གཏང་རྒྱུ་ལས་འདིའི་ཐད་རྒྱལ་སྤྱིའི་སྒྲིག་འཛུག་ཁག་གིས་རྟོག་ཞིབ་ནམ་ཡང་བྱེད་འཇུག་རྒྱུ་མིན་ལུགས་ཨུ་ཚུགས་མཐའ་ནན་བྱས་པར་བརྟེན།གཟའ་པ་སངས་ཉིན་རྒྱུན་རིང་རེ་སྒུག་ཆེན་པོ་བྱས་པའི་ཁོར་ཡུག་ཚོགས་ཆེན་འདི་གྲུབ་འབྲས་གང་ཡང་མ་བྱུང་བར་མཇུག་བསྒྲིལ་དགོས་པ་ཆགས་རྒྱུའི་ཉེན་ཁ་བྱུང་ཡོད་པ་དང་།ཡར་ཐོན་ཅན་གྱི་ཡུལ་གྲུ་ཚང་མས་དེའི་ཉེན་ཁག་རྒྱ་ནག་ཐོག་གཡོག་ཡོད་པ་རེད།
རྣམ་ཀུན་ནས་རྒྱ་ནག་གཞུང་གིས་བཏོན་པའི་ཞིབ་འཇུག་གི་བསྡོམ་ཐོ་ཁག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡིད་བརྟན་འཕེལ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་ལ་ད་ཆ་རྒྱ་ནག་ནི་འཛམ་གླིང་ནང་མཁའ་རླུང་བག་བཙོག་བཟོ་བའི་དུག་རླངས་མང་ཤོས་གློད་མཁན་གྱི་ཡུལ་གྲུ་དེ་ཡིན་པར་བརྟེན།ངེས་པར་དུ་རྒྱ་ནག་གཞུང་གིས་དུག་རླངས་སྟངས་འཛིན་བྱ་ཕྱོགས་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚན་པ་ཁག་ནས་ངེས་པར་རྟོག་ཞིབ་བྱེད་རྒྱུ་ནི།ཧ་ཅང་གལ་འགངས་ཆེ་བ་ཡིན་པ་བརྗོད་བཞིན་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིའི་ཁོར་ཡུག་ཚོགས་ཆེན་ཐོག་བཞག་པའི་མོས་མཐུན་གྱི་ཆིངས་ཡིག་དེ་ནི།ཚོགས་འདུ་མ་ཚུགས་སྔོན་རྒྱ་ནག་རང་ཉིད་ཀྱིས་དུག་རླངས་ཀྱི་ཚད་གཞི་ཉུང་དུ་གཏང་རྒྱུའི་དམིགས་ཚད་བཟུང་པ་དང་མ་སྙོམས་པ་ཞིག་ཡིན་པར་མ་ཟད།དེའི་རྐྱེན་གྱིས་གལ་ཏེ་རྒྱ་ནག་གཞུང་ངོས་ནས་དུག་རླངས་ཀྱི་ཚད་གཞི་ཉུང་དུ་གཏང་རྒྱུར་དོ་འཁུར་གཏིང་གཟབ་མ་བྱེད་ཚེ་ཚན་རིག་པ་ཚོས་བཤད་པ་ལྟར།རྒྱ་ནག་རང་གི་ཐོག་ཁོར་ཡུག་གི་གོད་ཆགས་ཚབས་ཆེ་ཕོག་ཉེན་ཡོད་པ་བརྗོད་བཞིན་ཡོད་པ་རེད།
རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བྱ་མཁན་སྔོ་ལྗངས་ཚོགས་པའི་རྒྱ་ནག་གི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ ཨཡི་ལུན་ཡང་གིས།རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ནང་དུ་གནམ་གཤིས་འགྱུར་ལྡོག་གི་ལས་དོན་ཇི་ཞིག་སྤེལ་མིན་ལ་མ་བལྟོས་པར་ཀོ་པེན་ཧེ་གྷན་གྱི་ཚོགས་ཆེན་འདི་ནི་རྒྱ་ནག་རང་ཉིད་མདུན་བསྐྱོད་ཐུབ་མཁན་ཞིག་དང་།གལ་ཆེའི་གནད་དོན་འདིའི་ཐད་འགན་འཁུར་བླངས་ཐུབ་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་བཏོན་ཐུབ་རྒྱུའི་གོ་སྐབས་ངེས་ཅན་ཞིག་བྱུང་བ་དེ་བཟུང་མ་ཐུབ་པ་ཆགས་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་མ་ཟད།ནུབ་ཕྱོགས་ཡར་ཐོན་ཡུལ་གྲུ་ཚོས་རྒྱ་ནག་ལ་ཡིད་ཆེས་ཆུང་དུ་ཕྱིན་པ་དང་།འཁོན་འཛིན་ཆེ་རུ་འགྲོ་བའི་རྐྱེན་ཞིག་ཀྱང་ཆགས་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎