རྒྱ་གཞུང་གིས་ར་རྒྱ་དགོན་པའི་དགེ་འདུན་པ་ཚོར་ཉེན་བརྡ།

ར་རྒྱ་དགོན་པའི་དགེ་འདུན་པ་ཚོར་ཉིན་གྲངས་གསུམ་གྱི་ནང་ཚུད་དྭངས་བླངས་ཀྱི་ཐོག་ནས་མགོ་བཏགས་ཞུ་དགོས་པའི་ཉེན་བརྡ་བཏང་བ།

2011.11.24

༄༅༎ཟླ་བ་འདིའི་ཚེས་ ༢༠ སྟེ་རེས་གཟའ་ཉི་མིའི་ཞོགས་པར་ཨ་མདོ་མགོ་ལོག་རྭ་རྒྱ་དགོན་པའི་ཚོགས་ཆེན་འདུ་ཁང་གི་གསེར་ཏོག་སྟེང་། བོད་ཀྱི་རྒྱལ་དར་གཉིས་ཀྱི་བར་དུ་༧གོང་ས་མཆོག་གི་སྐུ་པར་བཅས་བཤམས་པ་དང༌། སྐུ་པར་དང་རྒྱལ་དར་གཉིས་ཀྱི་འོག་ཏུ་བརྗོད་ཚིག་འདྲ་མིན་འཁོད་པའི་ཡི་གེ་མང་པོ་ཞིག་བྲིས་པ་སོགས་ཀྱི་གནས་ཚུལ་ཞིག་བྱུང་བའི་རྗེས། ས་གནས་རྒྱ་ནག་གཞུང་གི་དཔོན་རིགས་དང་ཉེན་རྟོག་པ་བཅས་ར་རྒྱ་དགོན་པར་སླེབས་ཏེ། དེར་ཡོད་པའི་དགེ་འདུན་པ་རྣམས་འདུ་སྐོང་བྱས་པའི་ཚོགས་འདུ་ཞིག་གི་ཐོག་ ༧གོང་ས་མཆོག་གི་སྐུ་དཔར་དང་བོད་ཀྱི་རྒྱལ་དར་བཅས་པར་འགྲེམ་གཤོམ་བྱེད་མཁན་རྣམས་ཀྱིས། ཉིན་གྲངས་གསུམ་གྱི་ནང་ཚུད་དྭངས་བླངས་ཀྱི་ཐོག་ནས་མགོ་བཏགས་ཞུ་དགོས་པ་དང་། དེ་ལྟར་མ་བྱས་ཚེ་དགོན་པར་གནོད་ཚབས་ཆེན་པོ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་སྐོར། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གདན་ས་ཆེན་པོ་སེ་རའི་དགེ་འདུན་པ་དགའ་ལྡན་ཞུ་བ་ཞིག་གིས་གནས་ཚུལ་ཕྱི་བསྒྲགས་གནང་འདུག
གནས་ཚུལ་ནང་འགྲེལ་བརྗོད་བྱས་པར་གཞིགས་ན། འདི་ཚེས་ ༢༠ ནི་བོད་ཨ་མདོ་ཁུལ་གྱི་ལོ་ཐོ་རྩི་སྟངས་ལྟར་ན་ཧོར་ཟླ་བཅུ་བའི་ཚེས་ ༢༥ སྟེ། དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཆེན་འཁེལ་ཡོད་སྟབས། ཉིན་དེའི་ཞོགས་པ་ཆུ་ཚོད་ ༧།༣༠ ཙམ་ནས་དགོན་པའི་གྲྭ་མང་དང་མཇལ་ཁར་ཡོང་མཁན་མི་མང་ཚོས་འདུ་ཁང་གསེར་ཏོག་སྟེང་གི་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་བཅས་གསལ་བོར་མཐོང་ཡོད་ཀྱང་། ཆུ་ཚོད་ ༨ ཙམ་ལ་རྭ་རྒྱ་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་ཉེན་རྟོག་པ་དང་དགོན་པའི་དོ་དམ་ཁང་གི་མི་སྣ་འགའ་ཤས་ཡོང་སྟེ་བོད་ཀྱི་རྒྱལ་དར་དང་སྐུ་དཔར་སོགས་མར་འཕབས་ཏེ་མཉམ་འཁྱེར་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎