རྒྱ་ནག་ཏུ་ཆར་ཞོད་ཀྱི་གོད་ཆགས།

རྒྱ་ནག་ནང་ཆར་པ་ཆེན་པོ་འབབ་པའི་རྐྱེན་གྱིས་མི་གྲངས་༡༢༠༠ཞིག་སྲོག་སྐྱོན་དང་དེ་མིན་གར་སོང་ཆ་མེད་དུ་གྱུར་ཡོད་པ་

2010.07.26

༄༅༎རྒྱ་ནག་ནང་ཆར་་ཆེན་པོ་བབ་པའི་རྐྱེན་གྱིས་མི་གྲངས་༡༢༠༠ཞིག་སྲོག་སྐྱོན་དང་དེ་མིན་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་           དཔེར་ན་རྒྱ་ནག་གི་ནའ་སྔ་མོའི་རྒྱལ་ས་ལའོ་དབྱང་ནང་ཆར་པ་ཆེན་པོ་བབ་པའི་རྐྱེན་གྱིས་མི་གྲངས་༣༧ལ་སྲོག་སྐྱོན་དང་ཁུལ་དེའི་ངོས་འཛིན་ཐོབ་པའི་འཛམ་གླིང་གི་གནའ་རྫས་ཏེ་གནས་ལོང་མེན་གོ་རོ་ཀྲོ་སི་ཞེས་པ་དེ་སྒོ་རྒྱབ་དགོས་ཆགས་ཡོད་པ་རེད་            རྒྱ་ནག་གཞུང་གི་བརྙན་འཕྲིན་ནང་གནས་ཚུལ་བཏོན་པར་གཞིགས་ན་ས་ཁུལ་དེར་ཡི་ཞེས་པའི་རྒྱུགས་ཆུ་དེ་དེ་སྔ་ལོ་ངོ་༥༠ནང་བྱུང་མྱོང་མེད་པའི་ཆུ་ཧ་ཅང་རྒྱས་པའི་རྐྱེན་གྱིས་གོང་ཞུས་གནའ་རྫས་ཀྱི་ལྟེ་གནས་དེའི་རྩིག་རྨང་ལ་ཆུ་ཐུག་གི་ཡོད་པ་སྟོན་ཡོད་པ་རེད་             ཡང་རྒྱ་གཞུང་གིས་བྱང་ཕྱོགས་ཤན་རྩི་ཞིང་ཆེན་ནང་ཆར་་ཆེན་པོ་བབ་པའི་རྐྱེན་གྱིས་ཞིང་ཆེན་དེའི་མི་སེར་གྲངས་༡༡༡ལ་སྲོག་སྐྱོན་དང་མི་གྲངས་༡༦༧གར་སོང་ཆ་མེད་དུ་གྱུར་སྐོར་གནས་ཚུལ་བཏོན་ཡོད་པ་རེད་

དེ་བཞིན་རྒྱ་ནག་གི་ལྷོ་ནུབ་མངའ་ཁུལ་ཡུ་ནན་ཞེས་འབོད་པའི་ཞིང་ཆེན་དེར་ཆར་་ཆེན་པོས་རྐྱེན་ས་རུད་ཀྱི་མི་གྲངས་༡༡ཞིག་གར་སོང་ཆ་མེད་དུ་གྱུར་སྐོར་ཤིན་ཧ་གསར་འགྱུར་ལས་ཁང་གིས་གནས་ཚུལ་བཏོན་ཡོད་པ་རེད་

ཡང་རྒྱ་ནག་གི་འབྲི་ཆུ་འགག་གསུམ་གྱི་ཆུ་རག་ཆེན་པོ་དེའི་ཆུ་རྒྱས་པའི་རྐྱེན་གྱིས་རྒྱུགས་ཆུའི་ལམ་དུ་འཁེལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཁག་ནང་ཆུ་ལོག་ཡོང་བའི་ཉེན་བརྡ་བཏང་ཡང་དལྟའི་འཆར་དེ་ལྟར་གྱི་ཉེན་ཚབ་བྱུང་མེད་པ་རེད་

གནས་ཚུལ་ནང་མུ་མཐུ་བཀོད་དོན་ལ་གཞིགས་ན་ཡུལ་དེའི་ནང་ཆར་ཆུ་དེ་འདྲ་ལོ་ངོ་༥༠༠ནང་བྱུང་མྱོང་མེད་སྐོར་དངཆར་ཆུ་དེ་འདྲའི་དབང་གིས་མི་སེར་གྲངས་༤༨༠༠༠ཡི་སྡོད་ཁང་ཆུས་འཁྱེར་བ་དང་མི་གྲངས་༧༠༠༠༠༠ཞིག་རང་གི་ནང་ཁྱིམ་ནས་ཉེན་གཡོལ་དུ་འགྲོ་དགོས་ཆགས་ཡོད་པ་རེད་

རྒྱ་གཞུང་གི་གནམ་གཤིས་སྔོན་བརྡ་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བར་གཞིགས་ན་ཡུལ་གྱི་ཆུ་ལོག་གི་གོ་ཆགས་ཕོག་ཡུལ་ཁག་ལ་ཆར་་ད་དུང་མང་བ་བབ་རྒྱུ་ཡིན་སྐོར་དང་ས་ཁུལ་དེ་དག་ཡུལ་དེའི་ཡང་རྩེ་ཞེས་པའི་རྒྱུགས་ཆུ་དེ་རྒྱུགས་ཡུལ་ཆགས་ཀྱི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎