རྒྱ་ནག་ཏུ་སླར་ཡང་ཚོང་རྟཌ་རྫུན་བཟོའི་ཚོང་ཁང་ཤེས་རྟོགས།
2011.08.12
༄༅༎ཉེ་ཆར་བདུན་ཕྲག་འགའ་ཤས་སྔོན་དེར་རྒྱ་ནག་གཞུང་གིས། དེང་སྐབས་དར་གསོ་ཆེ་བའི་ཨེ་པལ་(Apple)ཚོང་རྟགས་ཡོད་པའི་ཀམ་པུའུ་ཀྲར་སོགས་འཕྲུལ་རིགས་རྫུན་མ་ཚོང་མཁན་གྱི་ཚོང་ཁང་གཉིས་སྒོ་རྒྱབ་པའི་རྗེས། སླར་ཡང་རྒྱ་ནག་གི་ལྷོ་ནུབ་གྲོང་ཁྱེར་ནང་Appleཚོང་རྟགས་ཡོད་པའི་འཕྲུལ་ཆས་རྫུན་མ་ཚོང་མཁན་གྱི་ཚོང་ཁག་༢༢ཤེས་རྟོག་བྱུང་ཡོད་པ་རེད།
Appleལས་རྟགས་ཡོད་པའི་དངོས་ཟོག་རྫུན་མ་ཚོང་མཁན་གྱི་ཚོང་ཁང་དེ་དག་ཚང་མ་རྒྱ་ནག་གི་ལྷོ་ནུབ་ཀུན་མིང་གྲོང་ཁྱེར་ནང་ལ་ཡོད་པ་ཤེས་རྟོག་བྱུང་བའི་སྐོར་རྒྱ་ནག་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་གི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་བཀོད་ཡོད་ཅིང༌། རྒྱ་ནག་གཞུང་གིས་དངོས་ཟོག་རྫུན་མ་བཟོ་སྐྲུན་བྱ་སྤྱོད་རྩ་མེད་བཟོ་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་ནའང་རྒྱ་ནག་ནི་འཛམ་གླིང་ནང་ནས་དངོས་ཟོག་རྫུན་མ་བཟོ་མཁན་དང་ཚོང་མཁན་གྱི་ཁྲོམ་ར་ཆེ་ཤོས་ཡིན་པ་རེད། ཁ་སྔོན་ཕྱི་ཟླ་བདུན་པའི་ནང་གྲོང་ཁྱེར་ཀུན་མིང་ནང་ནས་Appleལས་རྟགས་ཡོད་པའི་དངོས་ཟོག་རྫུན་མ་ཚོང་མཁན་གྱི་ཚོང་ཁང་ཞིག་ཤེས་རྟོག་བྱུང་བའི་རྗེས། འཕྲལ་དུ་རྒྱ་ནག་དཔོན་རིགས་ནས་ཚོང་ཁང་དེ་སྒོ་རྒྱབ་བཅུག་པ་དང༌། འོན་ཀྱང་དུས་དེ་ནས་བཟུང་སྟེ། ཚོང་ཁང་འགའ་ཤས་ཤིག་ཤེས་རྟོག་བྱུང་བ་མ་ཟད། དེའི་ནང་ནས་གྲོང་ཁྱེར་ཀུན་མིང་ནང་དངོས་ཟོག་རྫུན་མ་ཚོང་མཁན་གྱི་ཚོང་ཁང་ཞིབ་བཤེར་བྱེད་པའི་སྐབས། ཕྱི་ཟླ་བདུན་པའི་ནང་ཀུན་མིང་ནང་ནས་Appleཚོང་རྟགས་ཡོད་པའི་དངོས་ཟོག་རྫུན་མ་ཚོང་མཁན་གྱི་ཚོང་ཁང་གཉིས་རྙེད་པ་དེ་སྒོ་རྒྱབ་པའི་སྐོར་རྒྱ་ནག་གི་དཔོན་རིགས་ནས་བཤད་ཡོད་པ་རེད།