རྒྱ་གཞུང་གིས་བོད་རིཊ་ས་ཁུལ་དུ་ཡར་རྒྱས་གཏང་འཆར།

རྒྱ་ནག་སྲིད་འཛིན་གྱིས་བོད་རིཊ་ས་ཁུལ་དུ་ཁ་བྲལ་འགོག་ཐབས་སུ་དཔལ་འབྱོར་ཡར་རྒྱས་ལས་དོན་སྤེལ་དགོས་པའི་སྐོར་ནན་བརྗོད་གནང་ཡོད་པ།

2010.01.25

༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཏའོ་མཆོག་གི་ངོས་ནས་རྒྱ་ནག་གི་ཞིང་ཆེན་ཁག་གི་ནང་དུ་ཡོད་པའི་བོད་རིགས་ས་ཁུལ་ནང་།ཁ་བྲལ་དང་ལྐོག་བཤམས་ཀྱི་ལས་དོན་འགོག་ཐབས་སུ་དཔལ་འབྱོར་གྱི་ཡར་རྒྱས་ལས་དོན་སྤེལ་དགོས་པའི་སྐོར་ནན་བརྗོད་གནང་བའི་གནས་ཚུལ་ཐོན་འདུག

ཉེ་སྔོན་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་མཉམ་ཞུགས་གནང་ནས་བོད་ཀྱི་ལས་དོན་ལྷན་ཚོགས་དེ་རྒྱལ་ས་པེ་ཅིང་དུ་བསྐོང་ཚོགས་གནང་ཡོད་ཅིང་།ལོ་ངོ་དགུའི་རྗེས་སུ་ཚོགས་པའི་བོད་ཀྱི་ལས་དོན་ལྷན་ཚོགས་དེའི་ནང་།རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་ས་ཁུལ་ཙམ་དུ་མིན་པའི་རྒྱ་ནག་གི་ཞིང་ཆེན་ཁག་བཞིིའི་ནང་དུ་ཟླ་བསྒྲིལ་བཏང་ཡོད་པའི་བོད་རིགས་ས་ཁུལ་ནང་དུ་ཡང་དཔལ་འབྱོར་གྱི་འཕེལ་རྒྱས་གཏོང་དགོས་པའི་སྐོར་ནན་བརྗོད་གནང་འདུག

རྒྱ་ནག་གི་ཆིང་ཧའི་དང་།ཟི་ཁྲོན་དང༌།ཀན་སུ་དང༌།ཡུ་ནན་བཅས་རྒྱ་ནག་གི་ཞིང་ཆེན་བཞིའི་ནང་དུ་ཡོད་པའི་བོད་རིགས་ས་ཁུལ་ནང་།ཁ་བྲལ་གྱི་ལས་འགུལ་དང་ལྐོག་བཤམས་ཀྱི་ལས་དོན་བཀག་འགོག་གི་ཆེད་དུ།ས་ཁུལ་ནང་ཡར་རྒྱལ་ཡོང་བར་འབད་བརྩོན་ཤུགས་ཆེ་བྱ་དགོས་པའི་སྐོར་ནན་བསྐུལ་གནང་འདུག

བོད་ཀྱི་ཨ་མདོ་དང་ཁམས་ཀྱི་ས་ཁུལ་མང་ཆེ་བ་རྒྱ་ནག་གིས་ཞིང་ཆེན་བཞིའི་ནང་བོད་རིགས་ས་ཁུལ་ཅེས་བརྗོད་ནས་ཟླ་བསྒྲིལ་བཏང་ཡོད་པ་དང་།ས་ཁུལ་དུ་ཡོད་པའི་བོད་རིགས་ཞིང་པ་དང་འབྲོག་མ་རྣམས་ཀྱི་ལོ་འཁོར་ཡོང་སྒོ་དེ།ཕྱི་ལོ་ཉིས་སྟོང་བཅུའི་ནང་ཚུད་རྒྱལ་ཡོངས་ཀྱི་ལོ་འཁོར་ཡོང་སྒོའི་ཚད་གཞི་དང་མཉམ་པ་བཟོ་རྒྱུ་ཡིན་པའི་སྐོར་སྲིད་འཛིན་ཧུའུ་ཅིང་ཏའོས་གསུངས་ཡོད་པ་རེད།

བོད་རིག་པའི་ཞིབ་འཇུག་ཁག་གི་འགོ་འཛིན་ལེན་ཞང་སྨིན་གྱིས་རྒྱ་ནག་གི་ཞིང་ཆེན་ནང་དུ་ཡོད་པའི་བོད་རིགས་ས་ཁུལ་ཁག་གི་གནད་དོན་ཐོག་དམིགས་བསལ་དོ་སྣང་བྱས་པ་དེ་སྲིད་བྱུས་ཀྱི་འགྱུར་བ་ཆེན་པོ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་འདུག་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་རིགས་ས་ཁུལ་དེ་ཚོའི་ནང་རྒྱ་ནག་གི་དབང་འཛིན་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎