རྒྱ་ནག་ཏུ་ཁྲེང་ཀོང་ཁྲེང་ལ་དམ་བསྒྲགས་ཅུང་ལྷོད་དུ་བཏང།

རྒྱ་ནག་གཞུང་གིས་ཁྲིམས་རྩོད་དོན་གཉེར་བ་ལོང་བ་ཁྲེན་ཀོང་ཁྲེང་ཐོག་དམ་བསྒྲགས་ཅུང་ལྷོད་དུ་བཏང་ཡོད་སྐོར་གནས་ཚུལ་ཐོན་འདུག

2011.12.05

༄༅༎རྒྱ་ནག་གཞུང་གིས་ཁྲིམས་རྩོད་དོན་གཉེར་བ་ལོང་བ་ཁྲེན་ཀོང་ཁྲེང་ཐོག་དམ་བསྒྲགས་ཅུང་ལྷོད་དུ་བཏང་ཡོད་སྐོར་ཁོང་གི་ཁྱིམ་ཚང་དང་ཉེ་བོ་ཡོད་པའི་གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་འདུག།
རྒྱ་ནག་ཤར་ཕྱོགས་ཧྲན་ཏུང་ཞིང་ཆེན་གྱི་ལིན་ཡི་ས་གནས་སྲིད་གཞུང་གིས་ཕྱི་ཟླ་༡༠པའི་ནང་ ལོ་ན་༧༧ཡིན་པའི་ཁྲེན་གྱི་སྐྱེས་མར་ བཟའ་ཆ་ཉོ་ཕྱིར་ཁྱིམ་ནས་ཕྱིར་ཐོན་བཅུགས་ཡོད་པའི་གནས་ཚུལ་ཐོན་པ་དེ་ནི། འདས་པའི་ཟླ་བ་༡༥ཙམ་རིང་ ཁྲེན་དང་ཁྲེན་གྱི་ནང་མི་ཚོ་བཟང་བཙོན་འོག་བཞག་པའི་དམ་བསྒྲཌ་དེ་ཅུང་ཟད་ལྷུ་ཡངས་ཏུ་བཏང་འི་རྟགས་མཚན་ཞིག་ཡིན་སྐོར་ དམངས་གཙོ་དོན་གཉེར་བ་ཚོས་བརྗོད་བཞག།
རྒྱ་ནག་ཤར་ཕྱོགས་གྲོང་ཁྱེར་ནན་ཅིང་ནང་ཡོད་པའི་ཆབ་སྲིད་དོན་གཉེར་བ་ཧེ་པེ་རོང་ཡིས་རུཡེ་ཊར་གསར་ལས་ཁང་ལ། ཁྲེན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རེ་བ་བཏོན་པ་ཁག་ཅིག་ལ་ ཧྲན་ཏུང་ཞིང་ཆེན་ས་གནས་སྲིད་གཞུང་གིས་ཉན་འཇོག་བྱས་ཡོད་པ་དང༌། དེ་ཚོའི་གྲས་སུ་ རྒྱབ་སྐྱོར་བ་ཚོས་ཁྲེན་ལ་བསྐུར་བའི་སྨན་དེ་ཚོ་ལེན་བཅུགས་ཡོད་པ་དང༌། ཁོང་གི་བུ་མོ་ལོ་དྲུག་ལ་སླེབས་པ་དེ་སློབ་གྲར་འགྲོ་ཆོག་པའི་ཆོག་མཆན་སོགས་སྤྲད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎