རྒྱ་ནག་ནང་ཐན་པ་ཚབས་ཆེ་བཏང་སྟེ་འཐུང་ཆུའི་དཀའ་ངལ།

རྒྱ་ནག་ནང་ཐན་པ་ཚབས་ཆེ་བཏང་སྟེ་མི་དང་སྒོ་ཕྱུགས་སེམས་ཅན་ས་ཡ་མང་པོར་འཐུང་ཆུ་མ་འདེངས་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག

2009.02.07

༄༅༎རྒྱ་ནག་བྱང་ཕྱོགས་ས་ཁུལ་དུ་ཐན་པ་ཚབས་ཆེ་བཏང་སྟེ་མི་དང་སྒོ་ཕྱུགས་སེམས་ཅན་ས་ཡ་མང་པོར་འཐུང་ཆུ་མ་འདེངས་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག་པ་དང་གཞུང་ཕྱོགས་ནས་ཞིང་པ་ཚོའི་ཐོན་སྐྱེས་ཉམས་ཉེས་ཕྱིན་པར་གུན་གསབ་ཆེད་ཌོ་ལར་ཐེར་འབུམ་མང་པོའི་རོགས་རང་འགྲོ་འགྲེམ་བྱ་རྒྱུའི་ལས་གཞིའི་མགྱོགས་ཚད་མྱུར་དུ་གཏང་རྒྱུ་ཡིན་པ་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་གྱི་ཐོག་བརྗོད་པར་གཞིགས་ན་ཐན་པ་བཏང་པའི་རྐྱེན་གྱིས་མི་གྲངས་ས་ཡ་བཞི་དང་ཚག་ཞི་དང་སྒོ་ཕྱུགས་སེམས་ཅན་གྲངས་ས་ཡ་གཉིས་དང་ཚག་གཅིག་ཙམ་ལ་འཐུང་ཆུ་མ་འདེང་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག་ལ་གཞུང་འབྲེལ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་འདི་ནི་རྒྱ་ནག་བྱང་ཕྱོགས་ཁུལ་གྱི་ལོ་ལྔ་བཅུའི་ནང་གི་ཐན་པ་ཚབས་ཆེ་ཤོས་ཡིན་འདུག

རྒྱ་ནག་གཞུང་ཕྱོགས་ནས་ཐན་པའི་རྐྱེན་གྱིས་སྟོན་འབྲས་ལག་ཐོབ་མ་བྱུང་བ་དང་དེ་མིན་ཐན་པའི་རྐྱེན་གྱིས་གོད་ཆགས་ཕོག་པའི་ཞིང་པ་ཚོར་རྒྱ་ནག་གཞུང་གིས་རྒྱ་མིའི་སྒོར་མོ་ཐེར་འབུམ་བརྒྱད་བཅུ་གྱ་དྲུག་ཙམ་འགོ་འགྲེམ་བྱ་རྒྱུར་བཀའ་ཁྲོལ་བཏང་ཡོད་འདུག གནད་དོན་དབྱེ་ཞིབ་པ་ཚོས་ཞིང་པའི་ས་ཁུལ་གྱི་དཔལ་འབྱོར་ཡོང་ཁུངས་ལ་དོ་ཕོག་ཚབས་ཆེ་མི་འགྲོ་བའི་སྔོན་འགོག་བྱེད་བཞིན་པ་དེའི་རྒྱུ་མཚན་གཙོ་བོ་གཅིག་ནི་སྤྱི་ཚོགས་བདེ་འཇགས་ཐད་ཟངས་ཟིན་མི་ཡོང་བའི་ཆེད་ཡིན་པ་འགྲེལ་བརྗོད་བྱེད་བཞིན་ཡོད་ཅིང་རྒྱ་ནག་གི་དཔལ་འབྱོར་ཉམ་རྒུད་འགྲོ་བཞིན་པའི་རྐྱེན་གྱིས་རྒྱ་ནག་ཞིང་པའི་ས་ཁུལ་ནས་ཡིན་པའི་མི་གྲངས་ས་ཡ་མང་པོ་ལས་ཀ་བྱེད་ཡུལ་གྱི་བཟོ་གྲྭ་སྟོང་ཕྲག་མང་པོ་སྒོ་བརྒྱབ་དགོས་པ་ཆགས་སྟབས་ད་ཆ་ཞིང་པའི་ས་ཁུལ་ཁག་གི་ནང་ལས་མེད་མིའི་གྲངས་འབོར་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།

རྒྱ་ནག་གི་ཞིང་ཆེན་ཆེ་ཁག་བརྒྱད་ཙམ་གྱི་ནང་ཐན་པ་བཏང་བཞིན་ཡོད་པ་དང་ཞིང་ཆེན་འདི་དག་ནི་རྒྱ་ནག་གི་གྲོའི་ཐོན་ཁུངས་རྩ་འབོར་གྱི་ཕྱེད་ཀ་ཙམ་འབྱུང་ཡུལ་ཡིན་ཞིང་རྒྱ་ནག་གཞུང་གི་སོ་ནམ་ལས་དོན་ལྷན་ཁང་གིས་གཟའ་པ་སངས་བར་གྲོ་འདེབས་ཡུལ་གྱི་ཞིང་ཆེན་དེ་དག་ནང་གི་ས་ཆ་ཧེཀ་ཊར་ས་ཡ་བཅུ་གཅིག་མ་ཟིན་ཙམ་ལ་ཐན་པའི་གོད་ཆགས་ཕོག་ཡོད་པ་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎