ཨ་རིའི་རྒྱལ་སྲུང་དྲུང་ཆེ་རྒྱ་གར་དུ་ཕེབས་ཏེ་རྒྱ་ནག་སྐོར་བཀའ་མོལ་ཤུགས་ཆེ་གནང་ཡོད་པ།

2021.03.21
ཨ་རིའི་རྒྱལ་སྲུང་དྲུང་ཆེ་རྒྱ་གར་དུ་ཕེབས་ཏེ་རྒྱ་ནག་སྐོར་བཀའ་མོལ་ཤུགས་ཆེ་གནང་ཡོད་པ།
Reuters

ཨ་རིའི་རྒྱལ་སྲུང་དྲུང་ཆེ་མཆོག་རྒྱ་གར་ཏུ་འཚམས་འདྲི་ཐོག་མར་ཕེབས་པའི་སྐབས་འདིར་བཀའ་མོལ་ཤུགས་ཆེ་བ་རྒྱ་ནག་སྐོར་བྱུང་འདུག དེ་ཡང་ཕྱི་ཟླ་གསུམ་པའི་ཚེས་༢༠་རེས་གཟའ་སྤེན་པའི་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་Lloyd Austin མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་དཔོན་རིགས་དང་གྲོས་མོལ་གནང་བའི་སྐབས་རྒྱ་གར་ནི་བསམ་པ་གཅིག་མཐུན་གྱི་ཨ་རི་དང་མཐུན་ཕྱོགས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བཞིན་པར་བསྔགས་བརྗོད་གནང་བ་དང་།་ད་རེས་ཁོང་གི་རྒྱ་གར་གྱི་འཚམས་འདྲི་དེའི་སྐབས་རྒྱ་ནག་གི་གནད་དོན་ཐོག་ལ་བསམ་ཚུལ་བརྗེ་ལེན་གནང་ཡོད་པ་རེད་།

སྐུ་ཞབས་Lloyd Austin ནི་ཉིན་གཉིས་རིང་རྒྱ་གར་དུ་འཚམས་འདྲིར་ཕེབས་པ་དེ་ནི་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་Joe Biden གྱི་གཞུང་གསར་པས་རྒྱ་གར་གྱི་དཔོན་རིགས་དང་དངོས་སུ་ཐུགས་འཕྲད་གྲོས་མོལ་གནང་བ་ཐོག་མ་དེ་ཡིན་ཞིང་།་ཁོང་གིས་རྒྱ་གར་ནི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ནང་ནས་ཨ་རིའི་གལ་ཆེའི་མཐུན་ཕྱོགས་རྒྱལ་ཁབ་ཞིག་ཡིན་པའི་སྐོར་གསུངས་ཡོད་པ་རེད་།

རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བའི་བློ་འཚབ་ཀྱི་ཐོག་ནས་རེས་གཟའ་སྤེན་པའི་ཉིན་ཨ་རི་དང་རྒྱ་གར་གཉིས་ཀྱི་ཆེས་མཐོའི་སྲུང་སྐྱོབ་ཀྱི་དཔོན་རིགས་ཕན་ཚུན་ལ་།་དམག་དོན་བྱེད་སྒོ་དང་།་སྲུང་སྐྱོབ་ཀྱི་འབྲེལ་ལམ་ནུས་སྟོབས་ཆེ་རུ་གཏོང་རྒྱུའི་ཁས་ལེན་གནང་ཡོད་ལ་།་ཨ་རིའི་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་Lloyd Austin དང་རྒྱ་གར་གྱི་སྲུང་སྐྱོབ་བློན་ཆེན་སྐུ་ཞབས་Rajnath Singh རྣམ་གཉིས་ལྡི་ལིར་མཇལ་འཛོམས་གནང་སྟེ་།་སྲུང་སྐྱོབ་ཀྱི་ལས་དོན་མཉམ་ལས་དང།་གསང་བའི་གནས་ཚུལ་བརྗེ་ལེན་།་དམག་དོན་གྱི་ཐབས་ཇུས་བཅས་ཀྱི་ལས་དོན་རྣམས་གཏིང་གཟབ་ཏུ་གཏོང་རྒྱུའི་མོས་མཐུན་ཡང་བྱུང་ཡོད་པ་རེད་།

སྐུ་ཞབས་Lloyd Austin གྱིས་།་རྒྱ་གར་ནི་རྒྱལ་སྤྱིའི་འཕོ་བསྒྱུར་མྱུར་པོ་འགྲོ་བའི་ནང་གལ་ཆེའི་མཐུན་ཕྱོགས་ཤིག་ཏུ་འགྱུར་བཞིན་ཡོད་པ་དང་།་ངའི་ངོས་ནས་ཨ་རིས་རྒྱ་གར་དང་ལྷན་དུ་སྲུང་སྐྱོབ་ཀྱི་ལས་དོན་མཉམ་ལས་གནང་རྒྱུའི་ཁས་ལེན་གནང་བ་རྣམས་བསྐྱར་དུ་ངེས་གཏན་འཁེལ་བ་བཟོ་རྒྱུ་ཡིན་ཞེས་གསུངས་པ་དང་།་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ནས་།་སྲུང་སྐྱོབ་དཔོན་རིགས་རྣམ་གཉིས་དབར་ལ་དམག་དོན་གྱི་ལས་དོན་མཉམ་ལས་རྒྱ་ཆེ་རུ་གཏོང་རྒྱུའི་ཐད་ཆེད་དུ་བཀའ་མོལ་གནང་བ་དང་།་རྒྱ་གར་ཕྱོགས་ནས་ཨ་རི་དང་རྒྱ་གར་གཉིས་ནི་རྒྱལ་སྤྱིའི་ཐབས་ཇུས་ཀྱི་མཐུན་ཕྱོགས་ནུས་པ་ལྡན་པའི་ཆ་ཡོངས་སུ་གྲུབ་པ་ཞིག་ཡིན་པ་ངོས་འཛིན་ཐག་གཅོད་གནང་བའི་སྐོར་གསུངས་ཡོད་པ་རེད་།

སྐུ་ཞབས་Austin རེས་གཟའ་པ་སངས་ཉིན་ལྡི་ལིར་ཕེབས་འབྱོར་གྱིས་རྒྱ་གར་གྱི་སྲིད་བློན་དང་བདེ་འཇགས་སློབ་སྟོན་པ་སྐུ་ཞབས་Ajit Doval མཇལ་འཕྲད་གནང་བའི་སྐོར་སྲིད་བློན་Modi མཆོག་གི་ལས་ཁུངས་ནས་གསལ་བསྒྲགས་སྤེལ་ཡོད་པ་རེད་།་

ད་རེས་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་མངའ་སྡེ་Alaska ནང་རྒྱ་ནག་གི་དཔོན་རིགས་དང་གྲོས་མོལ་གྲུབ་པའི་རྗེས་སྐུ་ཞབས་Austin རྒྱ་གར་དུ་འཚམས་འདྲི་གྲོས་མོལ་གནང་བར་ཕེབས་པ་ཞིག་ཡིན་པ་དང་།་འོན་ཀྱང་རྒྱ་གར་དུ་འཚམས་འདྲིར་མ་ཕེབས་གོང་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་Antony Blinken མཆོག་དང་Lloyd Austin རྣམ་གཉིས་ཉི་ཧོང་དང་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་ས་ཁོང་བདག་དབང་གི་རྩོད་ལེན་བྱེད་ཡུལ་གྱི་རྙོག་དྲ་ཡོད་པའི་ས་ཁུལ་ནང་གི་ཨ་རིའི་གལ་ཆེའི་མཐུན་ཕྱོགས་རྒྱལ་ཁབ་གཉིས་པོ་དེ་ཡིན་པ་རེད་། ད་རེས་ཁོང་གི་རྒྱ་གར་གྱི་འཚམས་འདྲི་དེའི་སྐབས་རྒྱ་ནག་གི་གནད་དོན་ཐོག་ལ་བསམ་ཚུལ་བརྗེ་ལེན་གནང་ཡོད་པ་རེད་།

སྐུ་ཞབས་Lloyd Austin ཉིན་གཉིས་རིང་རྒྱ་གར་དུ་འཚམས་འདྲིར་ཕེབས་པ་དེ་ནི་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་Joe Biden གྱི་གཞུང་གསར་པས་རྒྱ་གར་གྱི་དཔོན་རིགས་དང་དངོས་སུ་ཐུགས་འཕྲད་གྲོས་མོལ་གནང་བ་ཐོག་མ་དེ་ཡིན་ཞིང་།་ཁོང་གིས་རྒྱ་གར་ནི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ནང་ནས་ཨ་རིའི་གལ་ཆེའི་མཐུན་ཕྱོགས་རྒྱལ་ཁབ་ཞིག་ཡིན་པའི་སྐོར་གསུངས་ཡོད་པ་རེད་།

རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བའི་བློ་འཚབ་ཀྱི་ཐོག་ནས་རེས་གཟའ་སྤེན་པའི་ཉིན་ཨ་རི་དང་རྒྱ་གར་གཉིས་ཀྱི་ཆེས་མཐོའི་སྲུང་སྐྱོབ་ཀྱི་དཔོན་རིགས་ཕན་ཚུན་ལ་།་དམག་དོན་བྱེད་སྒོ་དང་།་སྲུང་སྐྱོབ་ཀྱི་འབྲེལ་ལམ་ནུས་སྟོབས་ཆེ་རུ་གཏོང་རྒྱུའི་ཁས་ལེན་གནང་ཡོད་ལ་།་ཨ་རིའི་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་Lloyd Austin དང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་སྐུ་ཞབས་Rajnath Singh རྣམ་གཉིས་ལྡི་ལིར་མཇལ་འཛོམས་གནང་སྟེ་།སྲུང་སྐྱོབ་ཀྱི་ལས་དོན་མཉམ་ལས་དང།གསང་བའི་གནས་ཚུལ་བརྗེ་ལེན་།དམག་དོན་གྱི་ཐབས་ཇུས་བཅས་ཀྱི་ལས་དོན་རྣམས་གཏིང་གཟབ་ཏུ་གཏོང་རྒྱུའི་མོས་མཐུན་ཡང་བྱུང་ཡོད་པ་རེད་།

སྐུ་ཞབས་Lloyd Austin གྱིས་རྒྱ་གར་ནི་རྒྱལ་སྤྱིའི་འཕོ་བསྒྱུར་མྱུར་པོ་འགྲོ་བའི་ནང་གལ་ཆེའི་མཐུན་ཕྱོགས་ཤིག་ཏུ་འགྱུར་བཞིན་ཡོད་པ་དང་།ངའི་ངོས་ནས་ཨ་རིས་རྒྱ་གར་དང་ལྷན་དུ་སྲུང་སྐྱོབ་ཀྱི་ལས་དོན་མཉམ་ལས་གནང་རྒྱུའི་ཁས་ལེན་གནང་བ་རྣམས་བསྐྱར་དུ་ངེས་གཏན་འཁེལ་བ་བཟོ་རྒྱུ་ཡིན་ཞེས་གསུངས་པ་དང་།་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ནས་།སྲུང་སྐྱོབ་དཔོན་རིགས་རྣམ་གཉིས་དབར་ལ་དམག་དོན་གྱི་ལས་དོན་མཉམ་ལས་རྒྱ་ཆེ་རུ་གཏོང་རྒྱུའི་ཐད་ཆེད་དུ་བཀའ་མོལ་གནང་བ་དང་།རྒྱ་གར་ཕྱོགས་ནས་ཨ་རི་དང་རྒྱ་གར་གཉིས་ནི་རྒྱལ་སྤྱིའི་ཐབས་ཇུས་ཀྱི་མཐུན་ཕྱོགས་ནུས་པ་ལྡན་པའི་ཆ་ཡོངས་སུ་གྲུབ་པ་ཞིག་ཡིན་པ་ངོས་འཛིན་ཐག་གཅོད་གནང་བའི་སྐོར་གསུངས་ཡོད་པ་རེད་།

སྐུ་ཞབས་Austin རེས་གཟའ་པ་སངས་ཉིན་ལྡི་ལིར་ཕེབས་འབྱོར་གྱིས་རྒྱ་གར་གྱི་སྲིད་བློན་དང་བདེ་འཇགས་སློབ་སྟོན་པ་སྐུ་ཞབས་Ajit Doval མཇལ་འཕྲད་གནང་བའི་སྐོར་སྲིད་བློན་Modi མཆོག་གི་ལས་ཁུངས་ནས་གསལ་བསྒྲགས་སྤེལ་ཡོད་པ་རེད་།་

སྐུ་ཞབས་Austin རྒྱ་གར་དུ་འཚམས་འདྲིར་མ་ཕེབས་གོང་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་Antony Blinken མཆོག་ལྷན་Lloyd Austin ཉི་ཧོང་དང་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་ས་ཁོང་བདག་དབང་གི་རྩོད་ལེན་བྱེད་ཡུལ་གྱི་རྙོག་དྲ་ཡོད་པའི་མངའ་ཁུལ་ནང་གི་ཨ་རིའི་གལ་ཆེའི་མཐུན་ཕྱོགས་རྒྱལ་ཁབ་གཉིས་པོ་དེ་ཡིན་པ་རེད་།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎