རྒྱ་ནག་གཞུང་ནས་ཆབ་སྲིད་ལྟ་སྤྱོད་པ་འཛིན་བཟུང་བྱེད་བཞིན་པ།

འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཉེ་བའི་དུས་རྒྱ་ནག་གཞུང་གིས་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་ཁག་ཅིག་འཛིན་བཟུང་བྱེད་བཞིན་ཡོད་པ།

2008.12.09

༄༅༎མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གཏན་འབེབས་གནང་སྟེ་ལོ་ངོ་དྲུག་བཅུ་འཁོར་ལ་ཉེ་བའི་དུས་ཚོད་དེའི་ནང་དུའང་རྒྱ་ནག་གཞུང་གིས་ད་དུང་ཡང་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་ཁག་ཅིག་འཛིན་བཟུང་བྱེད་བཞིན་ཡོད་པ་རེད་ཅེས་ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་དེ་རིང་རེས་གཟའ་མིག་དམར་ཉིན་བརྗོད་འདུག

རྒྱ་ནག་གི་ཉེན་རྟོག་མི་སྣས་རྒྱ་ནག་གཞུང་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་རྒྱ་མི་རིགས་ལིའུ་ཞའོ་པོ་དང་ཀྲང་ཀྲུ་ཧ་རྣམ་གཉིས་ཁ་ས་རེས་གཟའ་ཟླ་བའི་ཉིན་ས་གནས་ཀྱི་དགོང་དྲོའི་ཚོུད་དགུ་པའི་ཐོག་འཛིན་བཟུང་བྱས་ཡོད་པ་རེད་ཅེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་བལྟ་རྟོགས་ཚོགས་པས་དེ་རིང་སྤེལ་གནང་བའི་གསལ་བཀོད་གསལ་བསྒྲགས་ནང་གནས་ཚུལ་འཁོད་འདུག་པ་དང་གསར་འགོད་གསལ་བསྒྲགས་དེའི་ནང་མུ་མཐུད་བཀོད་དོན་ལྟར་ན་གོང་ཞུས་མི་སྣ་དེ་གཉིས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སང་ཉིན་རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུས་ནས་ལོ་ངོ་དྲུག་བཅུ་ཐམ་པ་འཁོར་བའི་དུས་དྲན་གྱི་ཉིན་མོ་དེར་ཁོང་གཉིས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཆེད་དོན་རྩོམ་ཡིག་ཕྱོགས་བསྒྲིགས་ཀྱི་གྲོས་མཐུན་ཚོགས་འདུ་ཞིག་སྐོངས་འཚོགས་གནང་རྒྱུའི་འཆར་གཞིའི་གནད་དོན་གྱི་ཐོག་ནས་འཛིན་བཟུང་བྱེད་སྲིད་པ་ཞིག་ཡིན་པ་ལས་དེ་མིན་གྱིས་ཁོང་གཉིས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡང་ཤེས་རྟོགས་མེད་ལུགས་བཀོད་འདུག གོང་ཞུས་འཛིན་བཟུང་བྱས་པ་འདི་ལོ་དགུང་གྲངས་ལྔ་བཅུ་ང་གསུམ་ལ་སླེབས་པའི་རྒྱ་མི་རིགས་སྐུ་ཞབས་ལིའུ་ཞུ་བ་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་མཐོ་སློབ་ཁང་ཞིག་གི་སློབ་དཔོན་དང་ཁོང་དེ་སྔོན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་སློབ་ཕྲུག་གི་མང་གཙོའི་དོན་རྐྱེན་ནང་ཞུགས་ནས་ལོ་གཅིག་ལྷག་ཙམ་རྒྱནག་གི་བཙོན་འཇུག་བྱས་ཡོད་པ་རེད། ལྷག་པར་དུ་ཁོང་གིས་བྲིས་རྩོམ་གནང་བའི་དེབ་ཁག་ད་དུང་ཡང་རྒྱ་ནག་ནང་དཔར་སྐྲུན་བྱེད་བཅུག་གི་མེད་པ་མ་ཟད་ས་གནས་ཉེན་རྟོག་མི་སྣས་ཡང་ཡང་བསུན་བཙིར་བཟོས་ནས་འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ནང་བྱུང་བའི་དོན་རྐྱེན་དང་དེ་བཞིན་ཕྱི་ཟླ་ལྔ་པའི་ནང་ཟི་ཁྲོན་ཁུལ་དུ་ས་ཡོམ་གྱི་དོན་རྐྱེན་བྱུང་བ་སོགས་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་ཇི་ལྟར་འགན་འཁུར་བྱེད་དགོས་མིན་གྱི་གནད་དོན་སོགས་ཀྱི་ཐོག་ཉེན་རྟོག་མི་སྣས་ཡང་ཡང་ལིའུ་ཡིས་བསམ་ཚུལ་བཅའ་འདྲི་བྱེད་ཀྱི་ཡོད་པ་སོགས་ལིའུ་ནི་རྒྱུན་དུ་ནས་རྒྱ་ནག་གི་བལྟ་རྟོགས་འོག་ཚུད་པའི་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་བལྟ་བ་མི་མཐུན་པའི་མི་སྣ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎