ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་རྒྱུར་རྒྱ་ནག་གིས་བསྐྱོན་བརྗོད།

ཨ་རི་གཞུང་གིས་ཐའེ་ལྦན་ལ་དམག་དོན་གོ་མཚོན་ཕྱིར་ཚོང་བྱ་རྒྱུ་ཐག་གཅོད་གནང་བ་དེར་རྒྱ་ནག་གཞུང་གིས་བསྐྱོན་བརྗོད་བྱས་ཡོད་པ་རེད།

2008.10.04

༄༅༎ཨ་རི་གཞུང་གིས་ཐའེ་ལྦན་ལ་ཨ་སྒོར་ཐེར་འབུམ་དྲུག་ལྷག་གནས་པའི་དམག་དོན་གོ་མཚོན་ཕྱིར་ཚོང་བྱ་རྒྱུ་ཐག་གཅོད་ཕྱིར་བསྒྲགས་གནང་བའི་རྗེས། ད་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་བསྐྱོན་བརྗོད་བྱས་ཡོད་ཅིང༌། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ལིའུ་ཅན་ཁྲའོ་ཡིས་གསར་འགོད་ལྷན་ཚོགས་ཐོག་ཨ་རིའི་གྲོས་ཚོགས་ནས་ཐའེ་ལྦན་ལ་དམག་དོན་གྱི་གོ་མཚོན་ཕྱིར་ཚོང་བྱ་རྒྱུའི་ཐག་གཅོད་བྱས་པ་དེར་རྒྱ་ནག་གཞུང་གིས་མཐའ་ཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་པ་དང༌། ཨ་རིའི་གྲོས་ཚོགས་ཀྱི་ཐག་གཅོད་དེས་རྒྱ་ནག་གི་ཁེ་ཕན་དང་དེ་བཞིན་རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་ལ་གནོད་སྐྱོན་བཏང་བ་ཞིན་ཡིན་པ་མ་ཟད་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པའི་བསྐྱོན་བརྗོད་བྱས་ཡོད་པ་རེད། དེ་བཞིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ལིའུ་ཅན་ཁྲའོ་ཡིས་མུ་མཐུད་བརྗོད་པར། ཨ་རི་གཞུང་གིས་ཐའེ་ལྦན་ལ་དམག་དོན་གོ་མཚོན་ཕྱིར་ཚོང་བྱ་རྒྱུའི་ཐག་གཅོད་དེས་ཐའེ་ལྦན་དང་རྒྱ་ནག་དབར་གྱི་ཞི་བའི་འབྲེལ་ལམ་ལ་གནོད་འཚེ་ཕོག་རྒྱུ་ཡིན་པར་བརྟེན། ཨ་རི་གཞུང་གིས་ཐའེ་ལྦན་ལ་དམག་དོན་གྱི་གོ་མཚོན་ཕྱིར་ཚོང་བྱ་རྒྱུ་མཚམས་འཇོག་གནང་སྟེ། ཨ་རི་གཞུང་གིས་ཐའེ་ལྦན་དེ་བཞིན་རྒྱ་ནག་གཅིག་གི་མངའ་ཁོངས་ཡིན་པའི་རྒྱ་ནག་དང་ཨ་རིའི་དབར་གྱི་གྲོས་མཐུན་གཞིར་བཟུང་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད། ཡིན་ནའི་ཐའེ་ལྦན་གཞུང་གི་ཨ་རིའི་ས་གནས་དམག་དོན་གོ་མཚོན་ཉོ་སྒྲུབ་བྱེད་ཡས་དེ་ནི་ཐའེ་ལྦན་གྱི་རང་སྲུང་ནུས་པ་འཐུས་གུ་ཚང་དུ་གཏང་རྒྱུ་ལས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ཆེད་མིན་པ་བསྐྱར་བཟློས་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎