ཨ་རིའི་སྙན་ཐོར་རྒྱ་ནག་གིས་མི་འདོད་པའི་སྐྱོན་བརྗོད།

རྒྱ་གཞུང་གིས་གློག་ལས་འཕྲུལ་ཆས་འབྲེལ་ལམ་བརྒྱུད་ནས་ཨ་རིའི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་སྐོར་སྙན་ཐོའི་ནང་བཀོད་འདུག

2009.11.23

༄༅༎ཨ་རི་དང་རྒྱ་ནག་དབར་དཔལ་འབྱོར་དང་བདེ་འཇགས་གནད་དོན་ལྟ་ཞིབ་གནང་མཁན་གྱི་ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཚུང་ནས་ཕྱི་ལོ་ཉིས་སྟོང་དགུ་ལོིའི་སྙན་ཐོ་གཟའ་འཁོར་སྔོན་མ་འདོན་སྤེལ་གནང་བའི་ནང་ རྒྱ་ནག་གཞུང་གིས་གློག་ལས་འཕྲུལ་ཆས་འབྲེལ་ལམ་བརྒྱུད་ནས་ཨ་རིའི་གསང་བའི་གནས་ཚུལ་རྐུ་འཁྱེར་གྱིས་རྒྱ་ནག་གི་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་གཏོང་གི་ཡོད་པའི་སྐོར་འཁོད་ཡོད་པར་  ད་རེས་ཕྱི་ཚེས་༢༣ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཇིང་ཀང་གིས་བསྐྱོན་བརྗོད་ལན་འདེབས་བྱས་པ་ཞིག་རྒྱ་ནག་ཕྱི་སྲིད་ལས་ཁང་གི་དྲ་རྒྱའི་ཐོག་འཁོད་ཡོད་ཅིང་ དེའི་ནང་གོང་ཞུས་སྙན་ཐོ་དེ་བཞིན་རྒྱ་ནག་ཐོག་ཆེད་མངགས་སྐྱོན་བརྗོད་བྱེད་ཡས་ཀྱི་ཆེད་དུ་སྟོན་པ་ཞིག་ལས་གཞི་རྩའི་བདེན་པ་གང་ཡང་མེད་ལུགས་དང་ལྷག་པར་དུ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་དང་ཨ་རིའི་དབར་གྱི་དཔལ་འབྱོར་དང་བདེ་འཇགས་གནད་དོན་ཐོག་ལྟ་ཞིབ་བྱེད་མཁན་གྱི་ཚན་པ་དེ་བཞིན་ཐོག་མ་ནས་རྒྱ་ནག་ཐོག་དྲང་བདེན་མིན་པའི་རྣམ་འགྱུར་འོག་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་མཁན་གྱི་ཚན་པ་ཞིག་ཡིན་ལུགས་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད་ ཚོགས་མི་བཅུ་གཉིས་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་དང་ཨ་རིའི་དབར་དཔལ་འབྱོར་དང་བདེ་འཇགས་ལྟ་ཞིབ་ཚོགས་ཆུང་དེ་བཞིན་ཕྱི་ལོ་ཉིས་སྟོང་ལོར་གསར་བཙུགས་གནང་བ་ཞིག་ཡིན་པ་དང་ ཕྱི་ལོ་ཉིས་སྟོང་དགུ་ལོའི་སྙན་ཐོ་དེར་ཤོག་གྲངས་༣༦༧ཙམ་ཡོད་ཅིང་ དེ་ཡང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སྒྲུབ་མ་ཐག་ཕྱིར་བསྒྲགས་གནང་བ་ཞིག་ཡིན་པ་དང་   སྙན་ཐོ་དེའི་ནང་རྒྱ་ནག་གི་སོ་པས་ཨ་རིའི་གལ་ཆེའི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱ་རྒྱུའི་ལས་དོན་ཤུགས་ཆེ་རུ་བཏང་ནས་རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་གྱི་སྟོགས་ཤུགས་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པའི་ཁར་   རྒྱ་ནག་གཞུང་གིས་དྲ་རྒྱའི་སོ་པ་བེད་སྤྱོད་བྱས་སྟེ་ཨ་རིའི་ཨིན་དྲའི་དྲ་རྒྱའི་ལས་དོན་ཐོག་གནོད་ཚབས་ཇེ་ཆེར་བཟོ་བཞིན་པའི་སྐོར་སོགས་འཁོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎