ཨ་རིའི་རྒྱལ་སྲུང་དྲུང་ཆེ་རྒྱ་ནག་ཏུ་ཕེབས་རྒྱུར་ངོས་ལེན་བྱས་མེད།

ཨ་རིས་ཐེ་ལྦན་ལ་གོ་མཚོན་ཚོང་སྒྱུར་གྱི་བརྡ་གནང་བའི་རྗེས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་རྒྱ་ནག་ཏུ་ཕེབས་རྒྱུར་རྒྱ་ནག་གིས་ངོས་ལེན་བྱས་མེད།

2010.06.02

༄༅༎ཨ་རི་དང་རྒྱ་ནག་གཉིས་བར་འབྲེལ་ལམ་བསྐྱར་གསོ་ཐུབ་རྒྱུའི་དམིགས་ཡུལ་ཐོག་ནས་ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་རོའོ་སྦ་ཀྲི་གེཏ་སི་ད་རེས་རྒྱ་ནག་ལ་ཕེབས་རྒྱུའི་འཆར་གཞི་དེར་རྒྱ་ནག་གིས་ངོས་ལེན་བྱས་མི་འདུག།

ཨ་རིའི་སྲིད་འཛིན་ཨོ་སྦ་མའི་སྲིད་གཞུང་གིས་ཨ་རིའི་གྲོས་ཚོགས་ལ། ཨ་རིས་ཐེ་ལྦན་ལ་མ་གནས་ཌོ་ལར་ཐེར་འབུམ་༦དང་ས་ཡ་༤ཙམ་གྱི་གོ་མཚོན་ཚོང་སྒྱུར་གནང་རྒྱུའི་བརྡ་བཏོན་གནང་བའི་རྗེས། རྒྱ་ནག་གཞུང་གིས་ད་ལོ་ཕྱི་ཟླ་དང་པོ་ནས་བཟུང་རྒྱལ་ཁབ་གཉིས་དབར་མཐོ་རིམ་དམག་དོན་བརྗེ་ལེན་གྱི་ལས་འཆར་མང་པོ་ཞིག་གི་དུས་ཚོད་ཕྱིར་འགྱངས་བྱས་ཡོད་ནའང༌། ཨེ་ཤི་ཡའི་ནང་གཞུང་དོན་འཚམས་གཟིགས་གནང་བར་དེ་རིང་ཕེབས་ཐོན་གནང་མཁན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་རོའོ་སྦ་ཀྲི་གེཏ་སི་གིས་རྒྱ་ནག་ནང་གི་གཞུང་དོན་ཕྱོགས་བསྐྱོད་ཀྱི་དུས་ཚོད་ལ་འགྱུར་བ་ཕྱིན་པ་དེ་ནི་ཨ་རིའི་དཔོན་རིགས་མཐོ་ཤོས་ཤིག་གི་ལས་འཆར་ལ་རྒྱ་ནག་གིས་གུས་བརྩི་མ་བྱས་པ་ཞིག་ཡིན་པ་མ་ཟད། ཨ་རི་དང་རྒྱ་ནག་གཉིས་དབར་འགལ་ཟླ་མུ་མཐུད་ཡོད་པའི་རྟགས་མཚན་ཞིག་ཀྱང་རེད།

ཨ་རི་དང་རྒྱ་ནག་གཉིས་དབར་དམག་དོན་མི་སྣ་བརྗེ་ལེན་གྱི་ལས་གཞིའི་ཐོག་མཉམ་འབྲེལ་སླར་གསོ་གནང་རྒྱུའི་དོན་དུ་རོའོ་སྦ་ཀྲི་གེཏ་སི་ཡིས་རྒྱ་ནག་ཏུ་ཕེབས་འདོད་ཡོད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་དང༌། ཁོང་སང་ཉིན་སིང་ག་པོར་དུ་བདེ་འཇགས་དང་འབྲེལ་བའི་ལྷན་ཚོགས་ཤིག་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།

ཨ་རིའི་པེན་ཀྲ་གོན་དམག་དོན་ལས་ཁང་གི་གསར་འགོད་དྲུང་ཆེ་ཇེཕ་མོ་རེལ་ཡིས་རོའོ་སྦ་ཀྲི་གེཏ་སི་རྒྱ་ནག་ལ་ཕེབས་ཡག་གི་འཆར་གཞི་དེ་འགྲུབ་མེད་སྐོར་འགྲེལ་བརྗོད་གནང་འདུག། དེ་བཞིན་ཨ་རིའི་རྒྱལ་སྲུང་དཔོན་རིགས་མཐོ་གྲས་ཤིག་གིས་རྒྱ་ནག་གི་དཔོན་རིགས་ངོས་ནས་ཨ་རིའི་འབྲེལ་ཡོད་དཔོན་རིགས་ལ། རྒྱུ་མཚན་ཁ་གསལ་གང་ཡང་མ་བརྗོད་པའི་ཐོག་ནས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་རོའོ་སྦ་ཀྲི་གེཏ་སི་ད་རེས་རྒྱ་ནག་ལ་ཕེབས་ཡག་དེ་དུས་ཚོད་འོས་འཚམ་ཞིག་མིན་པའི་བརྡ་ལན་བྱས་ཡོད་སྐོར་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎