རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆུང་དུ་ཕྱིན་པའི་བདེ་སྲུང་སྔོན་རྩིས།


2015.03.04
སྲིད་འཛིན་ཞེ་ཅིན་ཕེན་གྱིས་དམག་མི་རྣམས་ལ་འཚམས་འདྲི་ཞུ་བཞིན་པ། ༢༠༡༥།༡།༢༩ སྲིད་འཛིན་ཞེ་ཅིན་ཕེན་གྱིས་དམག་མི་རྣམས་ལ་འཚམས་འདྲི་ཞུ་བཞིན་པ། ༢༠༡༥།༡།༢༩
དྲ་བཤུས ཤིན་ཧ།

རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆུང་དུ་ཕྱིན་པ་དང་བསྟུན་ནས་འདི་ལོར་བདེ་སྲུང་སྔོན་རྩིས་སྔ་ལོ་ལས་བརྒྱ་ཆ་བཅུ་སྤར་རྒྱུ།
དེ་ཡང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆུང་དུ་ཕྱིན་པ་དང་བསྟུན་ནས་རྒྱ་ནག་གཞུང་གིས་འདི་ལོར་བདེ་སྲུང་སྔོན་རྩིས་སྔ་ལོའི་རྩིས་ལས་བརྒྱ་ཆ་བཅུ་ཙམ་མ་གཏོགས་སྤར་ཆ་གནང་རྒྱུ་མིན་ལུགས་དེ་རིང་གསུངས་འདུག འདི་ལོའི་བདེ་སྲུང་སྔོན་རྩིས་ནས་དེང་དུས་ཀྱི་དྲག་པོའི་མཁོ་ཆས་མཚོ་འོག་ཏུ་འགྲོ་ཐུབ་པའི་དམག་གྲུ་དང་། གནམ་དམག་གནམ་གྲུ་སོགས་ཀྱི་ཐོག་མ་འཛུགས་གནང་རྒྱུ་ཡིན་པ་རེད། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ལྷན་ཁང་གི་མགྲིན་ཚབ་མ་ཕུ་དབྱིངས་ཡིས། བདེ་སྲུང་གི་སྔོན་རྩིས་དངོས་སུ་ག་ཚོད་སྤར་ཆ་གནང་ཡོད་མེད་དེ་ཚེས༥་རེས་གཟའ་ཕུར་བུ་ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ལྷན་ཁང་གི་ལོ་འཁོར་ཚོགས་ཆེན་འགོ་འཛུགས་བྱ་སྐབས་གསལ་བསྒྲགས་བྱ་རྒྱུ་ཡིན་ལུགས་བཤད་འདུག
སྔ་ལོ་རྒྱ་ནག་གིས་བདེ་སྲུང་ཐོག་སྔོན་རྩིས་བརྒྱ་ཆ་༡༢དང་གྲངས་ཆུང་༢འམ་ཨ་སྒོར་ཐེར་འབུམ་༡༣༠བཀའ་འཁྲོལ་གནང་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་ནང་ནས་ཨ་མི་རི་ཀའི་རྗེས་སུ་བདེ་སྲུང་སྔོན་རྩིས་བཀའ་འཁྲོལ་གནང་བའི་དངུལ་འབོར་ཆེ་ཤོས་ཨང་གཉིས་པ་དེ་ཡིན་པ་རེད། རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས། ཕྱི་ལོ་༢༠༡༥ལོའི་བདེ་སྲུང་གི་འཆར་རྩིས་འགྲོ་གྲོན་དེ་ཨ་སྒོར་ཐེར་འབུམ་༡༤༥འི་དམིགས་ཚད་ཟིན་ཡོད་པ་དང་། དེ་ནི་འདས་པའི་ལོ་ལྔའི་ནང་ནས་དམག་དོན་འགྲོ་གྲོན་འཆར་རྩིས་ཆུང་ཤོས་དེ་ཡིན་ལུགས་བཤད་འདུག རྒྱ་ནག་གཞུང་གིས་འདས་པའི་མི་ལོ་བཅུ་ཕྲག་གཉིས་ཙམ་ནས་བཟུང་ལོ་ལྟར་བདེ་སྲུང་ཐོག་སྔོན་རྩིས་སྤར་ཆ་གནང་གི་ཡོད་པ་དང་། དཔལ་འབྱོར་མཁས་དབང་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་སྔོན་རྩིས་བཀའ་འཁྲོལ་གནང་བ་ལས་ལྷག་པའི་ལོ་ལྟར་བདེ་སྲུང་ཐོག་འགྲོ་སོང་མང་བ་བཏང་གི་ཡོད་ལུགས་གསུངས་འདུག ཉི་ཧོང་གི་བཀའ་དྲུང་ཆེན་མོ་Yoshihide Sugaཞུ་བས་རྒྱ་ནག་གཞུང་གིས་བདེ་སྲུང་ཐོག་དངོས་སུ་འགྲོ་སོང་ག་ཚོད་བཏང་གི་ཡོད་མེད་དེ་ཕྱི་གསལ་ནང་གསལ་མེད་པ་དེར་བློ་འཚབ་ཆེན་པོ་ཡོད་ལུགས་གསུངས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎