རྒྱ་ནག་གིས་རྒྱལ་སྲུང་བློན་ཆེན་གོ་གནས་ནས་གནས་དབྱུང་བཏང་བ།

2023.10.24
རྒྱ་ནག་གིས་རྒྱལ་སྲུང་བློན་ཆེན་གོ་གནས་ནས་གནས་དབྱུང་བཏང་བ།
ཨེ་ཨེཕ་པི།

ཕྱི་ཚེས་༢༤ཉིན་རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་གནས་ཚུལ་སྤེལ་བའི་ནང་།  གར་ཡོད་གསལ་བོ་མེད་པར་ཟླ་གཉིས་ཙམ་འགོར་བའི་རྒྱ་ནག་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥི་ཡི་གོ་གནས་ལས་གནས་དབྱུང་བཏང་ཡོད་པ་མ་ཟད།  དེ་དང་ཕྱོགས་མཚུངས་དེའི་སྔོན་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱི་གོ་གནས་ནས་གནས་དབྱུང་བཏང་ཟིན་པའི་ཆིན་ཀང་གི་རྒྱལ་སྲིད་ཨུ་ཡོན་གྱི་གོ་གནས་དེའང་མེད་པར་བཏང་ཡོད་པ་རེད།  གནས་ཚུལ་འདི་དག་ནི་རྒྱ་ནག་གཞུང་འབྲེལ་དབུས་བརྙན་འཕྲིན་ཁང་གིས་བསྒྲགས་ཡོད་ལ།  རེས་གཟའ་མིག་དམར་ཉིན་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་གསར་འགྱུར་ནང་ད་དུང་བརྗོད་ན།  རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུ་ཐེངས་དྲུག་པའི་ཐོག་གོང་བརྗོད་རྒྱ་ནག་གི་དཔོན་རིགས་དེ་གཉིས་ཀྱི་གོ་གནས་ནས་གནས་དབྱུང་བཏང་བ་གཏན་འབེབས་བའི་རྗེས་སུ།  རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕེང་གིས་མིང་རྟགས་བཀོད་ནས་གསལ་བསྒྲགས་བྱས་བ་ཡིན་ཚུལ་བཀོད་འདུག

MVI_1584.00_00_00_00.Still002.jpg

གོང་བརྗོད་དཔོན་རིགས་དེ་གཉིས་ཀྱི་གོ་གནས་མེད་པར་བཏང་བ་དང་མཉམ་དུ་ད་དུང་ཚན་རིག་ལག་རྩལ་ལྷན་ཁང་གི་བློན་ཆེན་ཝང་ཀྲི་ཀང་གོ་གནས་ནས་གནས་དབྱུང་བཏང་ནས་དེའི་ཚབ་རུ་ཡུན་ཧི་ཇོན་བཞག་པ་དང་། ཡང་ལིག་ཁོན་གྱི་ནོར་སྲིད་བློན་ཆེན་གྱི་གོ་གནས་ནས་གནས་དབྱུང་བཏང་ནས་དེའི་ཚབ་ལ་ལན་ཧྥོ་ཨན་བཞག་ཡོད་ཀྱང་།  གསར་འགྱུར་ནང་རྒྱལ་སྲུང་བློན་ཆེན་གྱི་གོ་གནས་སུ་ཞིག་གིས་འཁུར་མིན་གསལ་ཁ་མེད་པ་རེད། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥི་མཐའ་མ་དེར་ཚང་མའི་མིག་ལམ་དུ་མཐོང་བ་ནི་ད་ལོའི་ཕྱི་ཟླ་༨ཚེས་༢༩ཉིན་པེ་ཅིན་དུ་འཚོགས་པའི་རྒྱ་ནག་དང་། ཨ་ཧྥེ་རི་ཀའི་ཞི་བདེ་བདེ་འཇགས་གླེང་སྟེགས་ཚོགས་འདུའི་མཛད་སྒོ་སྟེང་གཏམ་བཤད་བྱས་བ་དེ་ཡིན་ཞིང་།དེའི་རྗེས་ནས་བཟུང་ལི་ཧྲང་ཧྥི་གོ་གནས་སྟེང་གནས་དབྱུང་བཏང་བའི་བཤད་རྒྱུན་དང་ཚོད་དཔག་སྣ་ཚོགས་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་དང་རྒྱལ་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཚོས་གནས་སྟངས་ཤེས་རྟོགས་མེད་ཚུལ་བརྗོད་ནས་གནས་ཚུལ་དེའི་སྐོར་ལན་འདེབས་ལས་གཡོལ་ཐབས་བྱེད་བཞིན་པ་རེད།།

གསར་འགོད་པ། ལྕགས་མོ་འཚོ།

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎