རྒྱ་ནག་ཏུ་སྲོག་ཁྲིམས་སྐོར་ཁྲིམས་དཔོན་ཞིག་གིས་གཏམ་བཤད།

རྒྱ་ནག་གཞུང་གིས་སྲོག་ཐོག་གི་ཉེས་ཆད་གཏོང་བའི་ཁྲིམས་ལུགས་དེར་ཆེས་མཐོའི་ཁྲིམས་ཁང་ཁག་གིས་ཞིབ་འཇུག་འཕར་མ་བྱེད་དགོས།

2011.01.11

༄༅༎རྒྱ་ནག་གཞུང་གིས་ལོ་ལྟར་མི་སྟོང་ཕྲག་མང་པོ་སྲོག་ཐོག་གི་ཉེས་ཆད་གཏོང་བའི་ཁྲིམས་ལུགས་དེ་ཡིས། ཆེས་མཐོའི་ཁྲིམས་ཁང་ཁག་གིས་ཞིབ་འཇུག་འཕར་མ་བྱེད་དགོས་ཀྱི་ཡོད་ཅིང༌། དེ་ནི་དམའ་རིམ་ཁྲིམས་ཁང་གིས་སྲོག་ཐོག་གི་ཉེས་ཆད་གཏོང་རྒྱུའི་སྔོན་ཚུད་ལ་ཆེས་མཐོའི་ཁྲིམས་ཁང་ནས་ཉེས་ཅན་པའི་དཔངས་རྟགས་ཞིབ་འཇུག་བྱ་རྒྱུ་དང༌། དམིགས་བསལ་ཚ་དྲིའི་ཐོག་ནས་ངོས་ལེན་བྱེད་དུ་བཅུག་ཡོད་མེད་སོགས་ཞིབ་འཇུག་གི་ལས་ཀ་གཟབ་ནན་བྱེད་དགོས་ཀྱི་ཡོད་པའི་སྐོར་རྒྱ་ནག་གི་ཁྲིམས་དཔོན་ཞིག་གིས་བཤད་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གི་འགོ་ཁྲིད་གཞོན་པ་ཀྲང་ཅིན་གྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་རླུང་འཕྲིན་གྱི་བཅར་དྲི་བྱེད་སྐབས་བཤད་དོན། ཆེས་མཐོའི་ཁྲིམས་ཁང་ནས་སྲོག་ཐོག་གི་ཉེས་ཆད་ཐག་གཅོད་བྱེད་པའི་གྱོད་དོན་གྱི་དེའི་དཔངས་རྟགས་ཁྲིམས་མཐུན་མ་ཡིན་པ་རྣམས་ལ་ཉེས་ཅན་པ་མུ་མཐུད་ཁྲིམས་གཏུགས་བྱེད་པར་ཚད་བཀག་ཡོད་ཅིང༌། དེ་སྔ་ཡིན་ན་དམའ་རིམ་ཁྲིམས་ཁང་ནས་སྲོག་ཐོག་གི་ཉེས་ཆད་ཐག་གཅོད་བྱས་པའི་རིགས་ལ་ཆེས་མཐོའི་ཁྲིམས་ཁང་ནས་ཐག་གཅོད་དེར་བསྐྱར་ཞིབ་པ་བྱེད་པ་མ་ཟད། གལ་ཏེ་ཚ་དྲིའི་ཐོག་ནས་ཉེས་པ་རང་སྐྱོན་ངོས་ལེན་བྱེད་དུ་བཅུག་པ་སོགས་དཔངས་རྟགས་ཡོད་རིགས་ལ་ཞིབ་འཇུག་དང་དྲི་རྩད་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ནང་དུ་ཉེས་རྡུང་བཏང་སྟེ་རང་སྐྱོན་ངོས་ལེན་བྱེད་དུ་བཅུག་པའི་གནས་ཚུལ་ནི་དངོས་ཡོད་ཡིན་པ་དང༌། འཚམས་རེ་ཁྲིམས་རྩོད་པའི་ཁྲིམས་ཁང་དུ་མི་ལ་ཉེས་རྡུང་དང་ཚ་དྲི་བྱས་ཏེ་རང་སྐྱོན་ངོས་ལེན་ཞུ་དུ་བཅུག་པའི་བྱ་སྤྱོད་ཐེར་འདོན་བྱེད་པ་ནི། གྱོད་དོན་ནོར་འཁྲུལ་ཅན་མང་ཆེ་བ་ནི། ཉེས་རྡུང་ཁོ་ནའི་འོག་རང་སྐྱོན་ངོས་ལེན་བྱེད་དུ་བཅུག་པ་ཤ་སྟག་ཡིན་པ་དང༌། དཔེར་ན། ཀྲའོ་ཀྲུའོ་ཧའེ་ལ་གནས་ཚུལ་གཅིག་པ་འཕྲད་ཡོད་པ་རེད། ཀྲའོ་གྱོད་གཞི་དེ་ནི་རྒྱ་ནག་ནང་གི་ཉེས་ཅན་པའི་གྱོད་དོན་ནང་གི་སྐད་གྲགས་ཆེ་བ་ཞིག་ཏུ་གྱུར་ཡོད་ཅིང༌། ཀྲའོ་ནི་ཧེ་ནན་ཞིང་ཆེན་གྲོང་གསེབ་ཁྱིམ་ཚང་ནས་ཡིན་པ་དང༌། ཁོང་ལ་མི་བསད་པའི་ནག་ཉེས་བཙུགས་ཏེ། བཙོན་འཇུག་བྱས་པ་དང༌། འོན་ཀྱང་རྗེས་སུ་མི་གསོད་མཁན་ངོ་མ་ཐོན་པའི་རྗེས་ཁོང་མི་ལོ་༡༡བཙོན་ཁང་དུ་བསྡད་པའི་རྗེས་གློད་བཀྲོལ་བཏང་བའི་གནས་ཚུལ་བྱུང་བ་མ་ཟད། ཁོང་གིས་སྐབས་དེ་དུས་ཉེས་རྡུང་ཁོ་ནའི་འོག་ཉེས་གསོག་ངོས་ལེན་བྱེད་དུ་བཅུག་པའི་གནས་ཚུལ་འགྲེལ་བརྗོད་བྱས་པའི་གནས་སྟངས་དེ་ལྟ་བུ་བྱུང་བའི་གནས་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎