བོད་ནང་ངོ་རྒོལ་བྱེད་མཁན་མང་དུ་འགྲོ་བཞིན་པ།

རྒྱ་ནག་གི་ཇི་ཙམ་དྲག་གནོན་བྱེད་པ་དེ་ཙམ་གྱིས་རང་ལུས་མེར་སྲེག་གཏོང་མཁན་མང་དུ་འགྲོ་བཞིན་ཡོད་འདུག

2012.11.25

༄༅༎ད་རེས་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པར་སྔར་བས་དྲག་གནོན་དང༌རྡུང་རྡེག་ཚ་ནན་གཏོང་རྒྱུ་བཤད་ཡོད་ཀྱང་བོད་དོན་ཐད་ལ་དོ་སྣང་ཅན་གྱིས། བོད་མིའི་ཐོག་རྒྱ་ནག་གཞུང་གིས་ཇི་ཙམ་དམ་བསྒྲགས་དང་དྲག་གནོན་བྱེད་པ་དེ་ཙམ་གྱིས་ངོ་རྒོལ་བྱེད་མཁན་རང་ལུས་མེ་སྲེག་གཏོང་བའི་དོན་རྐྱེན་སྡུག་ཏུ་འགྲོ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌།  ཕྱི་ཟླ་༡༡ པའི་ཚེས་༢༢ རེས་གཟའ་ཕུར་བུ་བར་དུ་ཁྱོན་བོད་མི་གསུམ་གྱིས་བསྟུད་མར་རང་ལུས་མེ་སྲེག་བཏང་ཡོད་པ་དང༌། དེའི་ནང་ནས་གཉིས་ནི་མཚོ་སྔོན་ཞིང་ཆེན་ཁུལ་དང༌། གཅིག་ཀན་སུ་ཞིང་ཆེན་གྱི་ཉེ་འཁོར་ནང་ནས་བྱུང་བ་ཡིན་ཞིང༌། རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལ་དམ་བསྒྲགས་དང་དྲག་གནོན་བྱེད་པ་ཇི་ཙམ་གྱིས་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུའི་ཁར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དམ་བསྒྲགས་ཀྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་དུ་རང་ལུས་མེ་སྲེག་གཏོང་བའི་གནས་ཚུལ་ཛ་དྲག་ཏུ་འགྲོ་རྒྱུ་རེད་ཅེས་བཀོད་ཡོད་པ་རེད། རེས་གཟའ་སྤེན་པའི་ཉིན་ཟི་ཁྲོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་འགོ ཁྲིད་Wang Dongming གིས་རྔ་བའི་ཁུལ་དུ་གཏམ་བཤད་ཤིག་བྱེད་པའི་སྐབས། བོད་ནང་དུ་སྔར་བས་དམ་བསྒྲགས་དང་དྲག་གནོན་ཤུགས་ཆེ་གཏོང་རྒྱུ་ཡིན་ཟེར་བཤད་ཡོད་པ་ནི། ང་ཚོ་རྒྱ་ནག་ཕྱོགས་ནས་ཏྭ་ལའི་རུ་ཚོགས་ཐོག་འཐབ་རྩོད་དུས་ཡུན་རིང་པོ་བར་བྱེད་རྒྱུ་ཡིན་ཞིང་། ང་ཚོས་ཁ་བྲལ་རིང་ལུགས་པར་ཁ་གཏད་གཅོག་རྒྱུ་དང་སྤྱི་ཚོགས་བརྟན་ལྷིང་བཟོ་རྒྱུའི་ལས་དོན་ནམ་ཡང་མཚམས་འཇོག་བྱ་རྒྱུ་མིན། ང་ཚོས་ངེས་པར་དུ་དགོན་སྡེ་ཁག་ནང་ལག་བསྟར་བྱ་རྒྱུ་དང༌། ཁ་བྲལ་རིང་ལུགས་པར་གདོང་ལེན་བྱེད་པའི་ལས་དོན་དང་སྤྱི་ཚོགས་བརྟན་ལྷིང་རྒྱུན་གནས་ཐུབ་པའི་ལས་དོན་ནང་མི་དམངས་ཚོ་ཆིག་སྒྲིལ་བྱ་རྒྱུ་སོགས་ཀྱི་དམིགས་ཡུལ་ངེས་ཅན་ཞིག་ཡིན་པའི་སྐོར་བཤད་ཡོད་པ་རེད།
འོན་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས། བོད་ནང་དུ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་བོད་མི་ཚོས་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་བྱེད་པའི་དོན་རྐྱེན་ཛ་དྲག་ཏུ་འགྲོ་བར་ཐུགས་འཚབ་ཧ་ཅང་ཆེན་པོ་གནང་གི་ཡོད་པ་དང༌། ད་དུང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྕམ་Mary Beth ཡིས་སྤེལ་བའི་གསལ་བསྒྲགས་ནང་དུ། རང་ལུས་མེ་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཡུལ་བོད་ཀྱི་ས་ཁུལ་ནང་དུ་རྒྱ་ནག་གཞུང་གིས་དམག་དཔུང་འགྲེམས་འཇོག་བྱས་པ་དང༌། ཉེན་རྟོག་པས་དགོན་སྡེ་ཁག་ནང་དམ་བསྒྲགས་བྱེད་རྒྱུ་ཤུགས་ཆེ་རུ་བཏང་བ། དྲ་རྒྱ་སོགས་འབྲེལ་ལམ་ཡོང་རྫོགས་བཀག་ཡོད་པའི་གནས་ཚུལ་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎