བོད་ལ་ཡུ་གུར་དང་མ་འདྲ་པར་༧གོང་ས་མཆོག་ཡོད་པ།


2014.08.04
རྒྱ་ནག་གཞུང་གིས་ཡུ་གུར་བའི་ཐོག་དམ་དྲག་གི་རྣམ་པ། རྒྱ་ནག་གཞུང་གིས་ཡུ་གུར་བའི་ཐོག་དམ་དྲག་གི་རྣམ་པ།
RFA/Qutluq

རྒྱ་ནག་གཞུང་གིས་ཡུ་གུར་བའི་ཐོག་དྲག་གནོན་བྱེད་ཀྱི་ཡོད་སྐོར་ས་གནས་ཡུ་གུར་མི་རིགས་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག
དེ་ཡང་ཚེས༤ཉིན་APགསར་ལས་ཁང་གིས་གནས་ཚུལ་སྤེལ་དོན། རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀིསུ་ཐན་ནང་གི་གནས་ཚུལ་ཐད་སྟངས་འཛིན་དོ་དམ་ནན་པོ་བྱེད་བཞིན་པ་གཅིག་མཚུངས་ཡིན་རུང་། བོད་མི་རྣམས་ལ་དབུ་ཁྲིད་རླབས་ཆེན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་གི་ཡུལ་གྲུ་ཁག་ལ་ཆིབས་བསྒྱུར་སྐབས་རྒྱ་གཞུང་གི་འདོད་ཚུལ་ལ་རྩོད་གླེང་གནང་གི་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་དང་། གནས་ཚུལ་ནང། རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིསུ་ཐན་ཐོག་སྟངས་འཛིན་དོ་དམ་ཤུགས་ཆེ་དང་། དྲིལ་བསྒྲཊ་ཤུགས་ཆེ་བྱས་ཏེ་ཤིན་ཅང་ནང་གི་གནས་ཚུལ་ཁག་ལ་འདོད་ཕྱོགས་གཅིག་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱ་གཞུང་གིས་ཁོང་ཚོར་དྲག་གནོན་བྱེད་ཀྱི་ཡོད་སྐོར་ས་གནས་ཡུ་གུར་མི་རིགས་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད་ཅེས་དང་། Committee to Protect Journalist ཞེས་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འབྲེལ་མཐུད་པ་Bob Dietzཡིས་རང་དབང་ཐོག་ནས་གསར་འགྱུར་སྤེལ་མཁན་མེད་སྟབས་གཞུང་འཛིན་གྱིས་རང་གི་དགྲ་ཚོ་མི་ངན་བཟོ་རྒྱུ་ལས་སླ་པོ་ཡོད་རུང་། རྒྱ་གཞུང་གིས་བོད་དང་ཤིན་ཅང་སོགས་ནང་རང་དབང་ཐོག་ནས་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་ཕྱི་རྒྱལ་དང་། རྒྱ་རིགས་གསར་འགོད་པ་མ་བཏང་བའི་རྐྱེན་གྱིས་གཞུང་འབྲེལ་གྱི་འདོད་ཚུལ་ངན་པ་གཅིག་པུ་ཁྱབ་ཡོད་སྐོར་གསུངས་ནས་དོན་དངོས་ཐོག་བོད་དང་ཤིང་ཅང་ནང་གི་གནས་ཚུལ་ངོ་མ་ཤེས་རྟོགས་མེད་སྐོར་གསུངས་འདུག ཤིན་ཅིང་གི་ཡུ་གུར་མི་རིགས་ཚོར་མེད་པའི་བཙན་བྱོལ་ནང་བོད་མིའི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་གི་ཡུལ་གྲུ་ཁག་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་སྐབས་གཞུང་འཛིན་དབུ་ཁྲིད་ཁག་ཐེ་བའི་མི་མང་རྣམས་ལ་བོད་ནང་གི་གནས་ཚུལ་སྐོར་རྒྱ་གཞུང་གི་འདོད་ཚུལ་ལ་རྩོད་གླེང་གནང་གི་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་འབྲེལ་བ་གཏིང་ཟབ་ཡོད་སྟབས་བོད་མིས་བཏོན་པའི་སྙན་ཐོ་ཁག་ལ་ཞིབ་འཇུག་ནན་པོ་བྱེད་ཀྱི་ཡོད་པ་རེད། ཧོང་ཀོང་གི་གཙུག་ལག་སློབ་གྲ་ཆེན་མོའི་ཆབ་སྲིད་ཚན་རིག་པ་ David Zweig་ ཞུ་བས་རྒྱ་གཞུང་གིས་བོད་དང་ཤིན་ཅིང་གི་གནས་ཚུལ་ཁག་གི་ཐོག་འདོད་ཕྱོགས་གཅིག་འཛིན་དང་། སྟངས་འཛིན་དོ་དམ་པོ་དེ་འདྲ་བྱེད་བཞིན་པ་དེས་རྒྱ་ནག་ལ་གནོད་རྒྱུ་ལས་ཕན་ཐོགས་གང་ཡང་མེད་སྐོར་བཀོད།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎