རྒྱ་ནག་ཏུ་སླར་ཡང་ངོ་རྒོལ་བྱ་རྒྱུའི་འབོད་སྐུལ།

དྲ་རྒྱའི་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་དགོས་རྒྱུའི་འབོད་སྐུལ་བྱེད་མཁན་སྒྲིག་འཛུགས་ཀྱིས་དེ་རིང་སླར་ཡང་ངོ་རྒོལ་བྱ་དགོས་རྒྱུའི་འབོད་སྐུལ།

2011.02.28

༄༅༎དྲ་རྒྱའི་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་དགོས་རྒྱུའི་འབོད་སྐུལ་བྱེད་མཁན་སྒྲིག་འཛུགས་ཀྱིས་དེ་རིང་སླར་ཡང་རྒྱ་ནག་ནང་ཕྱི་ཟླ་༣ཚེས་༦ཉིན་མང་ཚོགས་ཀྱི་སྒེར་ལང་ངོ་རྒོལ་བྱ་དགོས་རྒྱུའི་འབོད་སྐུལ་བྱས་འདུག།

མིང་འདོན་མ་བྱས་པའི་ཐོག་ནས་དྲ་རྒྱའི་བརྒྱུད་རྒྱ་ནག་ནང་མང་ཚོགས་ཀྱིས་གཞུང་ལ་ངོ་རྒོལ་བྱ་དགོས་རྒྱུའི་འབོད་སྐུལ་བྱེད་མཁན་ཚོས་ ངོ་རྒོལ་གྱི་ལས་འགུལ་དེར་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བཅུ་གྲངས་ནང་མང་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་བཀག་བསྡོམས་བྱེད་སའི་དྲ་གནས་འབྲེལ་འཐུད་ཀྱི་བརྒྱུད་ལམ་Twitterདང་Facebook གཞན་ཡང་ཕྱི་རྒྱལ་གྱི་

འབྲེལ་འཐུད་དྲ་ལམ་གཞན་ཁག་གི་ཐོག་གོང་ཞུས་འབོད་སྐུལ་གྱི་གསལ་བསྒྲགས་གསར་པ་དེ་བཀྲམས་ཡོད་པ་དང༌། གསལ་བསྒྲགས་དེའི་ནང་རྒྱ་ནག་ནང་ནས་གནས་ཚུལ་ཐོན་གསལ་ལྟར་ན་ཕྱི་ཟླ་༢ཚེས་༢༧ཉིན་རྒྱ་གཞུང་ལ་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་དེ་རྒྱ་ནག་གི་གྲོང་ཁྱེར་༡༠༠ལྷག་ཙམ་ནང་ཁྱབ་ཡོད་པ་། དེ་ནི་གྲོང་ཁྱེར་༢༧ནང་བྱ་རྒྱུའི་ཐོག་མའི་རེ་བ་ལས་ཧ་ཅང་མང་བ་བྱུང་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། བསྐྱར་དུ་ཕྱི་ཟླ་༣ཚེས་༦ཉིན་མང་ཚོགས་ཀྱིས་རྒྱ་ནག་ནང་འགྱུར་བ་ཡོང་ཆེད་གོམ་བགྲོས་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་བྱས་འདུག།

དྲ་རྒྱའི་ཐོག་ནས་རྒྱ་ནག་མང་ཚོགས་ལ་ངོ་རྒོལ་བྱེད་དགོས་རྒྱུའི་འབོད་སྐུལ་བྱས་ཡོད་པ་དེའི་ནང༌། རེས་གཟའ་ཉི་མ་ནམ་ཡིན་ལ་རྒྱ་ནག་གི་ཆབ་འབངས་ཚོས་རང་རང་སོ་སོའི་གྲོང་ཁྱེར་ནང་རྒྱ་ནག་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་ཀྱི་ངོ་རྒོལ་འདུ་འཛོམས་བྱ་དགོས་རྒྱུའི་རེ་བ་བཏོན་ཡོད་པ་རེད། ངོ་རྒོལ་བྱ་རྒྱུའི་འབོད་སྐུལ་དེའི་ནང་རྒྱ་ནག་མང་ཚོགས་ལ་མི་མང་གི་ནུས་ཤུགས་བཏོན་དགོས་རྒྱུའི་རེ་བ་བྱས་པ་ལས་དྲག་པོའི་ངོ་རྒོལ་བྱ་རྒྱུའི་རེ་སྐུལ་བྱས་མེད་པ་རེད།

འོན་ཀྱང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཚང་མའི་ནང་རྒྱ་གཞུང་གི་དམག་མི་བཀྲམ་འཇོག་བྱས་ནས་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། གཞུང་དང་ལྟ་སྤྱོད་མ་མཐུན་པའི་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་༡༠༠ལྷག་འཛིན་བཟུང་བྱས་འདུག། དེ་བཞིན་ཁ་ས་གྲོང་ཁྱེར་པེ་ཅིང་དུ་སྦུ་ལུམ་སྦག་གསར་ལས་ཁང་གི་ཕྱི་རྒྱལ་གསར་འགོད་པ་ཅིག་ལ་དམག་ཆས་མ་གྱོན་པའི་མི་ལྔས་ཉེས་རྡུང་བཏང་ནས་སྨན་ཁང་དུ་འགྲོ་དགོས་བཟོས་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎