རྒྱལ་སྤྱིར་ཀམ་པིའུ་ཊར་ནང་རྒྱ་ནག་ནས་གསང་འཛུལ་བྱེད་བཞིན།

བཙན་བྱོལ་གཞུང་གི་ལས་ཁུངས་མ་ལག་ཐེ་བའི་རྒྱལ་ཁབ་བརྒྱ་དང་གསུམ་གྱི་ཀམ་པིའུ་ཊར་ནང་རྒྱ་ནག་ནས་གསང་འཛུལ་བྱས་དང་བྱེད་བཞིན་པ།

2009.03.29

༄༅༎༸གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་དང་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་ཐེ་བའི་རྒྱལ་ཁབ་བརྒྱ་དང་གསུམ་གྱི་ཀམ་པིའུ་ཊར་ནང་རྒྱ་ནག་ནས་གསང་འཛུལ་བྱས་དང་བྱེད་བཞིན་པའི་སྐོར་ཁེ་ན་ཌའི་ཉམས་ཞིབ་ཁང་གིས་གསུངས་གནང་འདུག

ཁེ་ན་ཌའི་ཊོ་རན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྱད་ལས་མི་སྣས་འདས་པའི་ཟླ་གྲངས་བཅུ་ཙམ་རིང་ཉམས་ཞིབ་གནང་བའི་སྙན་ཐོའི་ནང་རྒྱལ་ཁབ་བརྒྱ་དང་གསུམ་ཙམ་གྱི་ནང་ཀམ་པིའུ་ཊར་༡༢༩༥ཙམ་ནང་རྒྱ་ནག་ནས་གསང་འཛུལ་བྱས་ཡོད་པ་ར་འཕྲོད་ཐུབ་ཀྱི་ཡོད་ཅིང་འོན་ཀྱང་རྒྱ་ནག་ནས་ཀམ་པིའུ་ཊར་ནང་གསང་འཛུལ་བྱེད་པོ་རྒྱ་ནག་གཞུང་ཡིན་མིན་ད་ལྟའི་ཆར་ངེས་གཏན་མེད་ཀྱང་སིམ་འཛུལ་བྱེད་པོ་རྒྱ་ནག་ནས་ཡིན་པ་ར་འཕྲོད་གསལ་པོ་ཐུབ་ཀྱི་ཡོད་པ་རེད། སྔར་ལོ་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་དྲུག་པ་ནས་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཕྱི་ཟླ་གསུམ་པ་བར་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་མ་ལག་དང་ལོན་ཌོན།སྦ་ར་སེལ་སི།ནིའུ་ཡོག་བཅས་སུ་ཡོད་པའི་སྐུ་ཚབ་དོན་གཅོད་ལས་ཁང་བཅས་ལ་ཞིབ་འཇུག་མཐིལ་ཕྱིན་གནང་ཡོད་ཅིང་བཙན་བྱོལ་བོད་གཞུང་གི་ཀམ་པིའུ་ཊར་གྱི་ནང་རྒྱ་ནག་ནས་སིམ་འཛུལ་བྱེད་ཐུབ་ཡོད་སྟབས་ཀམ་པིའུ་ཊར་ནང་ཡོད་པའི་གསང་བའི་གནས་ཚུལ་ཡོངས་རྫོགས་རྒྱ་ནག་ནས་ཤེས་རྟོགས་བྱ་ཐུབ་ཀྱི་ཡོད་པ་རེད། བཙན་བྱོལ་བོད་གཞུང་མ་ལག་གི་ཀམ་པིའུ་ཊར་ནང་རྒྱ་ནག་ནས་སིམ་འཛུལ་བྱས་པ་ཤེས་རྟོགས་བྱུང་བ་མ་ཟད་འཛམ་གླིང་ཁྱོན་ཡོངས་ཀྱི་ཀམ་པིའུ་ཊར་༡༢༩༥ཙམ་ནང་རྒྱ་ནག་ནས་སིམ་འཛུལ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། ཨ་མེ་རི་ཀའི་ཀམ་པིའུ་ཊར་ནང་རྒྱ་ནག་ནས་སིམ་འཛུལ་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་མེད་ཀྱང་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་གི་ཀམ་པིའུ་ཊར་ནང་རྒྱ་ནག་ནས་སིམ་འཛུལ་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎