རྒྱ་ནག་གི་དམག་མི་ཚོས་ཟིན་བྲིས་གསར་བཟོ་བྱ་མི་ཆོག།

རྒྱ་ནག་གི་དཔུང་དམག་ལ་གནས་འཕྲིན་དྲ་རྒྱ་ལྟ་ཡུལ་དང་ཟིན་ཐོ་སྤེལ་སའི་རིགས་གསར་བཟོ་བྱ་མི་ཆོག་པའི་དམ་བསྒྲགས་ཀྱི་སྒྲིག་གཞི།

2010.06.26

༄༅༎རྒྱ་ནག་གཞུང་གིས་རྒྱལ་ནང་གི་དཔུང་དམག་ས་ཡ་གཉིས་དང་འབུམ་གསུམ་ལ་གནས་འཕྲིན་དྲ་རྒྱ་ལྟ་ཡུལ་དང་ཟིན་ཐོ་སྤེལ་སའི་Blogརིགས་གསར་བཟོ་བྱ་མི་ཆོག་པའི་དམ་དྲག་གི་སྒྲིག་གཞི་གསར་པ་ཞིག་གཏན་འབེབ་བྱས་འདུག།

རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་གི་ཆབ་སྲིད་ཨུ་ཡོན་ལྦན་ལོང་གིས་དམག་མི་ཕོ་མོ་སུ་ཡིན་རུང་ད་ནས་བཟུང་གནས་འཕྲིན་དྲ་རྒྱའི་ཟིན་བྲིས་གསར་བཟོ་བྱེད་མི་ཆོག་པའི་སྐོར་བརྗོད་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག། རྒྱ་ནག་གི་དམག་དོན་གསང་བ་ཕྱིར་འགྱར་འགྲོ་རྒྱུའི་བློ་འཚབ་ཡོད་ཁུལ་བརྗོད་སྟེ། ལྦན་གྱིས་གནས་འཕྲིན་དྲ་རྒྱ་ཟེར་བ་དེ་རྙོག་ཕྲ་ཚ་པོ་ཞིག་ཡོད་པ་དང༌། ང་ཚོས་དྲ་རྙིད་དེའི་ནང་མ་ཐེབ་པ་བྱ་རྒྱུའི་སྲུང་སྐྱོབ་བྱེད་དགོས་ཀྱི་རེད་ཅེས་བརྗོད་ཡོད་པ་རེད།

གོང་ཞུས་སྒྲིག་གཞི་གསར་པ་དེ་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་གི་ནང་ཁུལ་འཛིན་སྐྱོང་སྒྲིག་གཞིའི་ནང་བཅུགས་ཡོད་པ་དང༌། ཟླ་བ་འདིའི་ཚེས་༡༥ནས་ སྒྲིག་གཞི་དེ་དཔུང་དམག་ནང་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་རེད། སྒྲིག་གཞི་གསར་པ་དེའི་འོག་འཛམ་གླིང་ནང་ནས་དམག་དཔུང་གི་གྲངས་ཀ་མཐོ་ཤོས་ཡིན་པའི་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་གི་དཔུང་དམག་ཚོར་ གནས་འཕྲིན་དྲ་རྒྱའི་ཐོག་རང་རང་སོ་སོའི་ཟིན་བྲིས་Blogགསར་བཟོ་དང༌། དེ་བཞིན་གནས་འཕྲིན་དྲ་རྒྱའི་ཁ་བྱང་སོགས་གསར་བཟོ་བྱ་ཆོག་རྒྱུ་མིན་པའི་དམ་བསྒྲགས་བྱས་ཡོད་སྐོར་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎