བླ་བྲང་དགོན་གྱི་གྲ་འཇིཊ་མེད་རྒྱ་མཚོ་སླར་ཡང་འཛིན་བཟུང༌།
2011.08.23
༄༅༎བོད་མདོ་སྨད་ཨ་མདོ་བླ་བྲང་དགོན་པའི་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག
འདི་གའི་བལ་ཡུལ་གྱི་གསར་འགོད་པ་ཀླུ་འབུམ་ལགས་ཀྱིས་གནས་ཚུལ་བཏང་བའི་ནང་། འཇིགས་མེད་མགོ་རིལ་ལགས་རྒྱ་ནག་གཞུང་གིས་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་འཛིན་བཟུང་བྱས་པ་ཐེངས་གསུམ་པ་དེ་ཡིན་པ་རེད།
སྐུ་ཞབས་འཇིགས་མེད་ལགས་ནི། དེ་སྔ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་ནང་མཉམ་ཞུགས་བྱས་པར་བརྙས་ཏེ། བཙོན་འཇུག་བྱས་པ་དང་མི་ཆོས་ལས་འདས་པའི་ཉེས་རྡུང་བཏང་བའི་གནས་ཚུལ་ཁོང་གིས། བརྙན་འཕྲིན་བཟོས་ཏེ། ཕྱིའི་རྒྱལ་ཁབ་ནང་འགྲེམས་སྤེལ་གནང་ཡོད་པ་རེད། ཉེ་ཆར་རྒྱ་ནག་གཞུང་གིས་པན་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་བླ་བྲང་ཁུལ་དུ་འཚམས་འདྲིར་བསྐྱོད་རྒྱུའི་སྐབས། ས་གནས་གཞུང་གིས། ཁོང་དེའི་ཁུལ་དུ་སྡོད་མི་ཆོག་པའི་ཉེན་བརྡ་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང༌།
སྐུ་ཞབས་འཇིགས་མེད་ལགས་དང༌། མི་ཁག་ཅིག་༢༠༡༡ ལོའི་ཕྱི་ཟླ་བརྒྱད་པའི་ཚེས་༢༠ སྔ་དྲོ། ཀན་ལྷོ་ཁུལ་གྱི་གཙོད་གྲོང་ཁྱེར་གྱི་རྩྭ་ཐང་མགྲོན་ཁང་ནས་གློ་བུར་དུ་འཛིན་བཟུང་བྱས་པ་དགེ་འདུན་པ་དང་རོགས་པ་འགས་དངོས་སུ་མཐོང་བའི་གནས་ཚུལ་བཀོད་ཡོད་པ་རེད། ཕྱི་ཚེས་༢༠ ཉིན་སྐུ་ཞབས་འཇིགས་མེད་རྒྱ་མཚོ་ལགས་འཛིན་བཟུང་བྱེད་པའི་སྐབས། ཁོང་དང་མི་གྲངས་བཅུ་ལྷག་ཡོད་པ་དང༌། ཁོང་གི་རོགས་པ་དང་དགེ་འདུན་པ་མཐོང་མཁན་ཚོས། སྤྱི་བདེ་ཚན་པར་གནས་ཚུལ་འདྲི་རྩད་བྱས་ཡོད་ཀྱང་ལན་འདེབས་གསལ་པོ་བྱས་མེད་པའི་ཁར། འཇིགས་སྐུལ་བྱས་ཏེ་ཕྱིར་འབུད་བཏང་བ་མ་ཟད། རྗེས་སུ་མགྲོན་ཁང་གི་སྒོ་བཀག་སྟེ། མགྲོན་ཁང་དུ་འཛུལ་མ་བཅུག་པ་དང༌། དེ་རྗེས་ཉེན་རྟོག་པས། ཁོང་གི་གྲ་ཤག་ཀྱང་བསྔོག་བཤེར་བྱས་ཏེ་ཀམ་པིའུ་ཀྲར་ནང་གི་རྩིས་འཁོར་དང༌། འོད་སྡེར་སོགས་ཅ་དངོས་མང་པོ་ཞིག་བཙན་འཕྲོག་བྱས་ཡོད་པ་རེད། སྐུ་ཞབས་འཇིགས་མེད་བརྒྱ་མཚོ་ལགས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྗེས། ས་གནས་གང་དུ་ཁྲིད་ཡོད་མེད་སོགས་སུ་གཅིག་གིས་ཤེས་རྟོགས་མེད་པའི་གནས་ཚུལ་གྱུར་ཏེ། ཁོང་གི་དགོན་པའི་དགེ་འདུན་པ་ཡོངས་དང༌། ནང་མི་ཆོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་རེད།