ན་ནིང་རྒྱ་ནག་གིས་དམག་སྤྱི་རིམ་པ་༡༦ལ་ཞིབ་དཔྱོད་བྱས་འདུག


2015.01.15
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན། ༢༠༡༣།༦ རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན། ༢༠༡༣།༦
AFP

ན་ནིང་རྒྱ་ནག་གི་དམག་དཔུང་ནང་དམག་སྤྱི་རིམ་པའི་དམག་དཔོན་༡༦ལ་ཞིབ་དཔྱོད་ཐེར་འདོན་བྱས་ཡོད་འདུག
དེ་རིང་BBCགསར་ལས་ཁང་གིས་གནས་ཚུལ་སྤེལ་དོན། རྒྱ་ནག་དམག་དཔུང་ཕྱོགས་ནས་ཚེས་༡༥་ཉིན་སྤེལ་བའི་གནས་ཚུལ་ཞིག་ལུང་འདྲེན་བྱས་པའི་ནང་། འདས་བའི་སྤྱི་ལོ་༢༠༡༤་ལོར་རྒྱ་ནག་དམག་དཔུང་ནང་དམག་སྤྱི་རིམ་པའི་དམག་དཔོན་གྱིས་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་དང་འབྲེལ་བའི་གནས་ཚུལ་སྤེལ་བ་དང་། ན་ནིང་རྒྱ་ནག་གི་དམག་དཔུང་ནང་དམག་སྤྱི་རིམ་པའི་དམག་དཔོན་༡༦ལ་ཞིབ་དཔྱོད་ཐེར་འདོིན་བྱས་ཡོད་འདུག གནས་ཚུལ་དུ་བཀོད་པར། རྒྱ་ནག་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཤུད་ཚའི་ཧའོ་ཡིས་སྒྲིག་འགལ་ཉེས་བསགས་ཀྱིས་རྐྱེན་པས་སྤྱི་༢༠༡༤་ལོའི་ཟླ ༦་པའི་ནང་གྱོད་དོན་ཞིབ་བཤེར་བྱས་པ་དང་། དེའི་རྗེས་རྒྱབ་ཕྱོགས་ཞབས་ཞུ་ཁང་གི་འགན་འཛིན་གཞོན་པ་ལི་ཅིན་གྱིས་སྒྲིག་འགལ་ཉེས་བསགས་ཀྱིས་ཞིབ་བཤེར་བྱས་ཡོད་པ་རེད། ཁ་ས་རྒྱ་ནག་གཞུང་ཕྱོགས་ཀྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་བསྐོང་ཚོགས་བྱས་ཏེ་ཚོགས་འདུའི་ཐོག་༢༠༡༥་ལོར་རྒྱ་ནག་གི་རྒྱལ་གཉེར་ཁེ་ལས་ལ་ཞིབ་དཔྱོད་བསྐོར་བསྐྱོད་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་གསལ་ཡོད་ཅིང་། དམིགས་བསལ་དོ་སྣང་བྱེད་གཞི་ཞིག་ནི་ཐེངས་འདིའི་ཚོགས་འདུར་ཟུར་ཞུགས་བྱེད་མཁན་ཁོངས་སུ་དམག་དཔུང་ཕྱོགས་ནས་གྲངས་འབོར་མང་ཤོས་ཟིན་ཡོད་པ་དེས་རྒྱ་ནག་དམག་དཔུང་ནང་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པ་ཛ་དྲག་རུ་དྲག་རུ་འགྲོ་བཞིན་པ་མངོན་ཡོད་པ་རེད། གོང་དུ་གསལ་བ་བཞིན་ཀྲུང་དབྱང་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཤུད་ཚའི་ཧའོ་དང་། རྒྱབ་ཕྱོགས་ཞབས་ཞུ་ཁང་གི་འགན་འཛིན་གཞོན་པ་ཀུའུ་ཅུན་ཧྲན་སོགས་དམག་དཔུང་ནང་གི་ལྐོག་ཟ་རུལ་སུངས་བ་ཆེ་ཤོས་གཉིས་ལ་ཞིབ་བཤེར་གནས་དབྱུང་བཏང་བ་ནས་བཟུང་རྒྱ་ནག་དམག་དཔུང་ནང་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རླུང་འཚུབ་དེ་རྒྱ་ནག་དམག་དཔུང་ཁྱོན་ཡོངས་ལ་ཁྱབ་ནས་རིམ་པས་དམག་སྤྱི་དང་། ཆབ་སྲིད་འགན་འཛིན་སོགས་ཁག་ཅིག་ཞིབ་བཤེར་ཕོག་ཡོད་པ་རེད

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎