བཀོད་ཁྱབ་གནང་བར་རྒྱ་ནག་གཞུང་གིས་ཁོང་ཁྲོའི་སྐྱོན་བརྗོད།
2014.02.11

རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་གཙོ་བའི་འགོ་ཁྲིད་ཁ་ཤས་འཛིན་བཟུང་གི་བཀོད་ཁྱབ་བཏང་བར་རྒྱ་ནག་གཞུང་གིས་ཁོང་ཁྲོའི་སྐྱོན་བརྗོད་བྱས་འདུག
དེ་རིང་རེས་གཟའ་མིག་དམར་ཉིན་པེ་ཅིང་དུ་ཚོགས་པའི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Hua Chunying གིས། Span གྱི་ཁྲིམས་ཁང་ནས་རྒྱ་ནག་གི་གནས་བབ་ལ་བརྩི་འཇོག་མ་བྱས་པར་ནོར་འཁྲུལ་ཅན་གྱི་བྱ་སྤྱོད་ལག་བསྟར་བྱས་པ་དེར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་Spain ཁྲིམས་ཁང་ནས་རྒྱ་ནག་གི་སྲིད་འཛིན་ཟུར་པ་Jing Zemin དང་། སྲིད་བློན་ཟུར་པ་ལི་ཕུན་གཙོས་པའི་ཆེས་མཐོའི་དཔོན་རིགས་ལྔ་ཡིས་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་ནག་ཉེས་ར་སྤྲོད་གནང་བར་བརྟེན་འཛིན་བཟུང་བྱ་དགོས་པའི་བཀོད་ཁྱབ་གནང་བ་དེར་རྒྱ་ནག་གཞུང་གིས་ཁོང་ཁྲོའི་སྐྱོན་བརྗོད་བྱས་ཡོད་པ་རེད།
གནས་ཚུལ་དེའི་བྱུང་རིམ་ནི། Span གྱི་མི་ཁོངས་ཡིན་པའི་བོད་མི་དམངས་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་དང། བོད་དོན་རྒྱབ་སྐྱོར་གནང་མཁན་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཐུགས་འགན་བཞེས་ཏེ་Span ཁྲིམས་ཁང་ལ་རྒྱ་ནག་གི་སྲིད་འཛིན་ཟུར་པ་Jing Zemin དང་། སྲིད་བློན་ཟུར་པ་ལི་ཕང་གཙོས་པའི་ཆེས་མཐོའི་དཔོན་རིགས་ལྔས་བོད་ནང་བོད་མི་རིགས་རྩ་མེད་བཟོ་ཐབས་བྱས་པའི་བྱ་སྤྱོད་ཞུ་གཏུགས་བྱས་པར་བརྟེན་ཕྱི་ཟླ་གཉིས་པའི་ཚེས་༡༠ རེས་གཟའ་ཟླ་བའི་ཉིན་Spain གྱི་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་སྐུ་ཞབས་Ismael Moreno མཆོག་གིས། རྒྱ་ནག་གི་དཔོན་རིགས་ལྔ་པོས་མི་རིགས་རྩ་མེད་དང་། གདུག་རྩུབ་ཀྱི་བྱ་སྤྱོད། ཁྲིམས་འགལ་ཉེས་བསགས་ཀྱི་བྱ་སྤྱོད་ལག་བསྟར་བྱས་པར་བརྟེན་ནས་འཛམ་གླིང་གི་རྒྱལ་ཁབ་༡༠༠ ལྷག་འདུས་པའི་Interpol ཞེས་པའི་རྒྱལ་སྤྱིའི་ཉེན་རྟོག་ལྷན་ཚོགས་ཞེས་པར་གོང་གསལ་རྒྱ་ནག་གི་འགོ་ཁྲིད་ལྔ་པོ་འཛིན་བཟུང་བྱ་ཆོག་པའི་བཀོད་ཁྱབ་བཏང་གནང་བར་བརྟེན་ནས་རྒྱ་ནག་གཞུང་ཁོང་ཁྲོི་ཆེན་པོ་བྱུང་སྟེ་དེ་རིང་Span ཁྲིམས་ཁང་གི་བཀོད་ཁྱབ་བཏང་གནང་དེར་སྐྱོན་བརྗོད་བྱས་པ་ཞིག་ཡིན་པ་རེད། Spain ཁྲིམས་ཁང་གི་ཁྲིམས་དཔོན་ཟུར་པ་སྐུ་ཞབས་Baltasar Garzon ཡིས་དེ་སྔ་ཁོང་གི་དུས་སུ། དེ་སྔའི་Chili དབང་འཛིན་པ་Augusto Pinochet ལ་གོང་གསལ་རྒྱ་ནག་གི་འགོ་ཁྲིད་དང་གཅིག་མཚུངས་འཛིན་བཟུང་བྱ་ཆོག་པའི་བཀོད་ཁྱབ་བཏང་ཡོད། ད་རེས་Spain ཁྲིམས་དཔོན་གྱི་བཀོད་ཁྱབ་དེ་ཡིས་Span དང་རྒྱ་ནག་གི་འབྲེལ་བར་དོ་ཕོག་འགྲོ་སྲིད་པ་ཡིན་ནའང་Span གཞུང་གི་ཕྱོགས་ནས་རྒྱ་ནག་གཞུང་ལ་གནས་ཚུལ་བདེན་པ་རྣམས་གསལ་པོ་ར་སྤྲོད་བྱས་ཏེ་ཐག་གཅོད་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།