པེ་ཅིང་གི་གནའ་རྫས་ཁག་ཅིག་ལ་རིན་ཐང་མེད་སྐོར།

ཐེ་ལྦན་ནས་པེ་ཅིང་གྱི་གནའ་རྫས་འགྲེམས་སྟོན་ཁང་ནས་གཡར་པོ་བྱས་པ་ཁག་ཅིག་ལ་གནའ་རྫས་ཀྱི་རིན་ཐང་གང་ཡང་མེད་པ།

2009.10.05

༄༅༎ཐེ་ལྦན་གྱི་དཔོན་རིགས་ནས་པེ་ཅིང་གྱི་གནའ་རྫས་འགྲེམས་སྟོན་ཁང་ནས་གཡར་པོ་བྱས་པ་ཁག་ཅིག་ལ་གནའ་རྫས་ཀྱི་རིན་ཐང་གང་ཡང་མེད་པ་འགྲེལ་བརྗོད་གནང་བ་དང་ཕྱོགས་མཚུངས་ཐེ་ལྦན་གཞུང་གིས་དངོས་པོ་དེ་དག་ཐེ་ལྦན་གྱི་གནའ་རྫས་འགྲེམས་སྟོན་ཐོག་སྟོན་རྒྱུ་མིན་པའི་ཐག་གཅོད་གནང་བ་གསུང་བཞག

ཐེ་ལྦན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་དམིགས་ཡུལ་ཆེད་ཐེ་ལྦན་རྒྱལ་ཡོངས་འགྲེམས་སྟོན་ཁང་གིས་རིང་མིན་ཐད་བད་གནའ་རྫས་འགྲེམས་སྟོན་ཁང་ནང་དུས་རབས་བཅོ་བརྒྱད་སྐབས་ཀྱི་ཆིང་གོང་མ་ཇན་ལུང་གི་རིག་གནས་གནའ་རྫས་གཙོ་བོར་འགྱུར་བའི་གནའ་རྫས་ཁག་༣༧ལྷག་རྒྱ་ནག་སྐམ་ས་ཆེན་པོ་ནས་གཡར་པོ་བྱས་སྟེ་འགྲེམས་སྟོན་བྱེད་འཆར་ཡོད་པ་དང་ཡིན་ནའི་རིག་གནས་ཀྱི་གནའ་རྫས་དེ་དག་ནང་གནའ་རྫས་ཀྱི་རིན་ཐང་མེད་པའི་དངོས་པོ་ཁག་ཅིག་ཡོད་པ་དང་དེར་བརྟེན་ཐེ་ལྦན་གཞུང་གིས་ད་ལྟའི་ཆར་རྒྱ་ནག་དང་ཐེ་ལྦན་དབར་གནའ་རྫས་འགྲེམས་སྟོན་གྱི་གཙོ་འགན་སུས་འཁྱེར་མིན་གྱི་གྲོས་མཐུན་སོགས་གང་ཡང་མེད་པ་བརྟེན་ཐེ་ལྦན་གནའ་རྫས་འགྲེམས་སྟོན་ཁང་གིས་རྒྱ་ནག་ནས་དབོར་འདྲེན་བྱས་པའི་རིག་གནས་དངོས་རྫས་རྫུན་པ་དེ་དག་འགྲེམས་སྟོན་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་པའི་སྐོར་ཐེ་ལྦན་དབུས་འགྲེམས་སྟོན་ཁང་གི་མིང་འདོན་གནང་འདོད་མེད་པའི་མི་སྣ་ཞིག་གིས་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་བཞག གནའ་རྫས་འགྲེམས་སྟོན་དེའི་ཐོག་གོང་ཞུས་རྒྱ་ནག་ནས་དབོར་འདྲེན་བྱས་པའི་གནའ་རྫས་ཕུད་ཐེ་ལྦན་གནའ་རྫས་འགྲེམས་སྟོན་ཁང་གིས་ལོ་ངོ་བདུན་སྟོང་ཙམ་གྱི་ལོ་རྒྱུས་ཡོད་པའི་རྒྱ་ནག་གི་དངོས་རྫས་འཕོན་ཆེ་འགྲེམས་སྟོན་གནང་རྒྱུའི་འཆར་གཞི་ཡོད་པ་རེད། ད་རེས་ཐེ་ལྦན་དང་རྒྱ་ནག་དབར་མཐུན་མོངས་ཐོག་ནས་རིག་གནས་གནའ་རྫས་ཀྱི་འགྲེམས་སྟོན་བྱེད་ཡས་དེ་བཞིན་༡༩༤༩ལོ་ནས་ད་བར་ཐོག་མ་དེ་ཡིན་པ་དང་ཐེ་ལྦན་གྱི་སྲིད་དབང་གོ་མིན་ཏང་ཚོགས་པས་འཛིན་པའི་རྗེས་ཐེ་ལྦན་གཞུང་གིས་ཐེ་ལྦན་གྱི་དཔལ་འབྱོར་སླང་གསོ་ཡོང་རྒྱུ་གཙོ་བོར་དམིགས་ནས་རྒྱ་ནག་དང་ཐེ་ལྦན་དབར་གྱི་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་སྲིད་བྱུས་འོག་ཉེ་བའི་ཆར་ཕྱོགས་གཉིས་དབར་ཡུལ་བསྐོར་སྤྲོ་འཆམ་དང་ཚོང་དོན་གྱི་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་ཡོད་པའི་ཁར་རིག་གནས་དང་དཔལ་འབྱོར་གྱི་འབྲེལ་ལམ་ཡང་འཕེལ་རྒྱས་འགྲོ་བཞིན་ཡོད་ན་ཡང་ཕྱོགས་གཉིས་དབར་ཆབ་སྲིད་ཀྱི་གནད་དོན་ཐོག་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་ཐོན་རྒྱུ་མེད་པའི་ཁར་རྒྱ་ནག་གིས་ཐེ་ལྦན་གྱི་ནང་སྲིད་ལ་ཐེ་བྱུས་བྱེད་ཡས་ཀྱི་རྣམ་འགྱུར་ཐོན་གྱི་ཡོད་པར་བརྟེན་ཐེ་ལྦན་གྱི་ཕྱོགས་འགལ་ཚོགས་པ་དང་གཞོན་སྐྱེས་མང་པོས་གཞུང་འཛིན་ཚོགས་པས་རྒྱ་ནག་དང་འབྲེལ་ལམ་ཤུགས་ཆེ་སྤེལ་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎