རྒྱ་ནག་དང་ཐའེ་ལྦན་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ།

རྒྱ་ནག་དང་ཐའེ་ལྦན་དབར་ཚོང་འབྲེལ་དང་ཐད་ཀར་མཁའ་ལམ་གྱི་འགྲིམས་འགྲུལ་རྒྱ་ཆེར་གཏང་རྒྱུའི་ཆིངས་དོན་གསུམ་བཞག་ཡོད་འདུག

2009.04.26

༄༅༎རྒྱ་ནག་དང་ཐའེ་ལྦན་དབར་ཚོང་འབྲེལ་དང་ཐད་ཀར་མཁའ་ལམ་གྱི་འགྲིམས་འགྲུལ་རྒྱ་ཆེར་གཏང་རྒྱུའི་ཆིངས་དོན་གསུམ་བཞག་ཡོད་འདུག

རེས་གཟའ་ཉི་མའི་ཉིན་ནང་ཅིང་ནས་གཞུང་འབྲེལ་གནས་ཚུལ་སྤེལ་དོན་ལྟར་ན་རྒྱ་ནག་དང་ཐའེ་ལྦན་དབར་དཔལ་འབྱོར་གྱི་འབྲེལ་ལམ་རྒྱ་ཆེ་རུ་གཏང་རྒྱུ་དང་མཚོ་ཁ་ཕན་ཚུན་ཐད་ཀར་མཁའ་ལམ་འགྲིམས་འགྲུལ་རྒྱ་བསྐྱེད་དང་ཕྱོགས་མཚུངས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་ཟུང་འབྲེལ་གྱིས་གདོང་ལེན་བྱ་རྒྱུར་མོས་མཐུན་བྱུང་ཡོད་འདུག

ད་ལྟའི་འཆར་མཚོ་ཁ་ཕན་ཚུན་དབར་ཐད་ཀར་གནམ་ལས་འགྲིམས་འགྲུལ་བདུན་རེར་བརྒྱ་དང་བརྒྱད་ལས་མེད་པ་དེ་ཆུང་བའི་དཀའ་ངལ་ཡོད་པར་བརྟེན་སླད་ཕྱིན་ཆད་ནས་ཐད་ཀར་གནམ་ལས་འགྲིམ་འགྲུལ་བདུན་རེར་ཐེངས་ཉིས་བརྒྱ་བདུན་ཅུ་བར་སྤར་རྒྱུར་གྲོས་མཐུན་བྱུང་ཡོད་ལུགས་རྒྱ་ནག་དང་ཐའེ་ལྦན་གཉིས་ཀའི་མཚོ་ཁ་ཕན་ཚུན་འབྲེལ་མཐུད་ལས་དོན་ཚོགས་ཆུང་ངམ་ལྷན་ཁང་སོ་སོའི་འགན་འཛིན་གྱིས་འགྲེལ་བརྗོད་གནང་འདུག རྒྱ་ནག་གི་ཕྱེད་གཞུང་འབྲེལ་ཡིན་པའི་མཚོ་ཁ་ཕན་ཚུན་འབྲེལ་མཐུད་སྐུ་ཚབ་ཁྲེན་ཡུ་ལིན་དང་ཐའེ་ལྦན་གྱི་འབྲེལ་མཐུད་ཐེབས་རྩའི་སྐུ་ཚབ་ཆིའང་པིན་ཀུན་གཉིས་ཀྱིས་ད་ལམ་གྱི་ཆིངས་དོན་དེའི་ཐོག་མཚོ་ཁ་ཕན་ཚུན་ཐད་ཀར་མཁའ་ལམ་འགྲིམ་འགྲུལ་རྒྱ་བསྐྱེད་ཙམ་མ་ཡིན་པར་སླད་ཕྱིན་ཆད་ནས་གོ་མཚོན་དང་དུག་སྨན་མིའི་ནག་ཚོང་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་ཐོུང་གིས་གདོང་ལེན་གནང་རྒྱུར་གྲོས་མཐུན་བྱུང་ཡོད་ལུགས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎