རྒྱ་ནག་དང་ཡོ་རོབ་དབར་འགྲོ་བ་མིའི་ཐོབ་ཐང་ཐོག་གླེང་བ།

རྒྱ་ནག་ནང་གི་བོད་དང་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གྲོས་མོལ་བྱས་པ།

2011.06.18

༄༅༎ཕྱི་ཚེས་༡༦ཉིན་ནས་ཉིན་གྲངས་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དཔོན་རིགས་དབར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་གྲོས་མོལ་ཐེངས་༣༠དེ་གནང་ཡོད་པ་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གི་གྲོས་མོལ་དེ་བཞིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་ཁང་གི་ཨེ་ཤེ་ཡའི་སྡེ་ཚན་གྱི་འགན་འཛིན་ཇིམ་མོ་རེན་དང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་རྒྱལ་སྤྱིའི་སྡེ་ཚན་གྱི་དཔོན་རིགས་གྲན་ཤུད་གཉིས་ཀྱིས་གཙོ་སྐྱོང་གནང་ཡོད་པ་རེད། ཕྱོགས་གཉིས་དབར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་གྱི་གྲོས་མོལ་གྲུབ་རྗེས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་བོད་ཀྱི་གནད་དོན་དང་། ཤིན་ཅང་ནང་སོག་གི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་ལ་གྲོས་མོལ་གནང་བ་རེད། རྒྱ་ནག་ནང་ཁྲིམས་ལུགས་སྲ་བརྟན་དང་སྨྲ་བརྗོད་རང་དབང་སྐོར་ཆོས་ལུགས་བྱེད་སྒོ་རང་དབང་ཐོག་ནས་སྤེལ་ཆོག་དགོས་པའི་སྐོར་སོགས་དང་། ཉེ་བའི་ཆར་རྒྱ་ནག་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་མང་པོ་ཞིག་འཛིན་བཟུང་བྱས་པའི་གནད་དོན་སྐོར་སོགས་ཀྱི་ཐོག་བཀའ་བསྡུར་གནང་མ་ཟད་རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་བཞིན་པའི་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་ཡང་ཁ་གསལ་ཤེས་རྟོགས་བྱུང་བ་དང་། རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་དགེ་འདུན་པ་འཇུ་བཟུང་བྱས་པ་རྣམས་ཀྱི་གནས་ཚུལ་ཁ་གསལ་སྤྲོད་རྒྱུའི་དགོས་འདུན་ཡང་བཏོན་ཡོད་པའི་སྐོར་འཁོད་ཡོད་འདུག རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་རྒྱུད་ལམ་གྱིས་དེའི་སྐོར་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་ཡོད་པའི་ནང་རྒྱ་ནག་གཞུང་གིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཚོགས་པའི་དཔོན་རིགས་ཚོར་ཉེ་བའི་ཆར་རྒྱ་ནག་ནང་ཁྲིམས་ལུགས་སྲིད་ཇུས་སྲ་བརྟན་གཏོང་བཞིན་པ་དང་། མང་ཚོགས་ཀྱི་གནས་སྟངས་དང་སྤྱི་ཚོགས་འགན་ལེན་སྲིད་ཇུས་ཁག་ལེགས་བཅོས་བྱེད་བཞིན་པ་མ་ཟད་ གྲངས་ཉུང་མི་རིགས་ཀྱི་ས་གནས་ནང་མུ་མཐུད་འཕེལ་རྒྱས་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་པའི་གནས་ཚུལ་ངོ་སྤྲོད་བྱས་ལུགས་འཁོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎