རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁྲེང་ལ་ཉེས་རྡུང༌།

རྒྱ་ནག་གི་ཉེན་རྟོག་པས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲེན་ཀོང་ཁྲེང་དང་ཁོང་གི་བཟའ་ཟླ་གཉིས་ལ་ཉེས་རྡུང་ཚད་མེད་བཏང་བ།

2011.02.11

༄༅༎རྒྱ་ནག་གི་ཉེན་རྟོག་པས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲེན་ཀོང་ཁྲེང་དང་ཁོང་གི་བཟའ་ཟླ་གཉིས་ལ་ཉེས་རྡུང་ཚད་མེད་བཏང་ཡོད་པའི་སྐོར་དེ་རིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཞིག་གིས་གསལ་བསྒྲགས་སྤེལ་ཡོད་པ་རེད།

ཁྲེན་ཀོང་ཁྲེང་དང་ཁོང་གི་བཟའ་ཟླ་ཡུའན་ལྦེ་ཅིན་གཉིས་ནི་རྒྱ་ནག་གི་བདེ་འཇགས་མི་སྣས་ཉེས་རྡུང་བཏང་སྟེ། རྨས་སྐྱོན་ཚབས་ཆེ་བཟོས་ཡོད་པ་དང༌། དེ་ནི། ཁྲེན་རྒྱ་ནག་གཞུང་གིས་ཁྱིམ་ཚང་ནས་འགྲོ་འོང་གི་རང་དབང་མེད་པར་དམ་བསྒྲགས་བྱས་པའི་གནས་ཚུལ་གསང་བའི་ཐོག་ནས་བརྙན་འཕྲིན་པར་ལེན་བྱས་པ་དེ་ཕྱིར་བསྒྲགས་བྱས་པའི་རྗེས། རྒྱ་ནག་གི་བདེ་འཇགས་མི་སྣས་ཉེས་རྡུང་བཏང་ཡོད་པ་མ་ཟད། ཁྲེན་ཁོང་གིས། ན་ནིང་ཁོང་བཙོན་ཁང་ནས་གློད་བགྲོལ་བཏང་བ་ནས་བཟུང་རང་དབང་རྩ་བ་ནས་མེད་པར་ཁྱིམ་ཚང་དུ་དོ་དམ་འོག་གནས་བཞིན་ཡོད་པ་དང༌། ཁོང་ནི་མིག་ལོང་བ་ཡིན་ནའང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་མི་སྣ་ཞིག་ཏུ་གྱུར་སྟེ། ཁོང་གིས་རྒྱ་ནག་གཞུང་ཕྱོགས་ནས་ཕྲུ་གུ་བཙན་དབང་གིས་མངལ་ནས་འདོན་བཅུག་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པའི་རྗེས། བཙོན་འཇུག་བྱས་པ་ཞིག་ཡིན་པ་རེད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས། དབྱིན་ཇིའི་སྦི་སྦི་སི་གསར་འགྱུར་ལས་ཁང་ལ། ཁྲེན་དང་ཁོང་གི་བཟའ་ཟླ་གཉིས་ལ་ཉེས་རྡུང་བཏང་བའི་དོན་རྐྱེན་དེ་ནི། ཡིད་བརྟན་འཕེར་བའི་གནས་ཚུལ་འབྱུང་ཁུངས་ཤིག་གིས་ཁོང་ཚོར་མཁོ་སྤྲོད་གནང་ཡོད་ལུགས་དང༌། གནས་ཚུལ་མཁོ་སྤྲོད་གནང་མཁན་མི་དེས། ཁོང་གཉིས་ལ་ཉེས་རྡུང་བཏང་བའི་རྒྱུ་མཚན་ནི། གསང་བའི་བརྙན་འཕྲིན་ཕྱིར་བསྒྲགས་བྱས་པ་དང་འབྲེལ་བ་ཡོད་པ་དང༌། ཉེས་རྡུང་གིས་སྲོག་ལ་ཉེན་ཁ་མེད་ཀྱང་རྨས་སྐྱོན་ཚབས་ཆེ་བཟོས་ཡོད་ཀྱང་རྒྱ་ནག་གཞུང་གིས་ཁོང་གཉིས་ལ་སྨན་བཅོས་བྱེད་དུ་བཅུག་གི་མེད་པ་མ་ཟད། ཁོང་གི་ཁ་པར་འབྲེལ་འཐུད་མེད་པའི་ཁར། ཁོང་གི་ཁྱིམ་ཚང་གི་ཕྱོགས་སུ་མོ་ཊ་དང་མི་འགྲོ་བསྐྱོད་བྱེད་པར་བཀག་འགོག་བྱས་ཏེ། ཁོང་ལ་སྨན་བཅོས་ཀྱི་རོགས་རམ་བྱེད་དུ་མི་གཅིག་ཀྱང་འབྲེལ་བ་བྱེད་དུ་བཅུག་གི་མེད་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་པའི་གནས་ཚུལ་དང༌། ད་དུང་ཁྲེན་ཁོང་ཡང་ཁྱིམ་ཚང་ནས་གོམས་པ་འགའ་ཤས་སར་འགྲོ་རུ་མ་བཅུག་པ་མ་ཟད། ཁོང་གི་བཟའ་ཟླ་ཕྱི་ཕྱོགས་སུ་འགྲོ་བསྐྱོད་མི་ཆོག་པའི་གནས་སྟངས་ཡང་གཅིག་མཚུངས་ཡིན་པར་བརྟེན་ཁོང་གི་སྐྱེས་མས་བཟའ་ཆ་ཉོ་རོགས་ལ་བརྟེན་ནས་འཚོ་གནས་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎