ཨ་རིའི་འབྲེལ་ཡོད་སྙན་ཐོར་རྒྱ་ནག་གིས་སྐྱོན་བརྗོད།
2011.08.25
༄༅༎འདི་ལོའི་ཨ་མི་རི་ཀའི་སྲུང་སྐྱོབ་ལས་ཁུངས་ཀྱི་སྙན་ཐོའི་ནང་རྒྱ་ནག་གིས་བར་ལམ་ནས་དྲག་པོའི་སྟོབས་ཤུགས་སྤྱི་དང་ ལྷག་དོན་དུ་མཚོ་དམག་གི་ནུས་ཤུགས་གོང་མཐོར་སྤེལ་བཞིན་པ་དེས་ཨེ་ཤི་ཡའི་གླིང་ཕྲན་ནང་ཉེན་ཁ་ཆགས་ཡོད་ལུགས་བརྗོད་པ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དེ་རིགས་ཀྱི་དངོས་ཡོད་མ་ཡིན་པ་དང་ཚོད་དཔག་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག ཨ་རིའི་སྲུང་སྐྱོབ་ལས་ཁུངས་ཀྱིས་ཨ་རིའི་ཌོ་ལར་ཐེར་འབུམ་༧༠༠ཐམ་འགྲོ་སོང་གནང་བཞིན་པ་དེ་ནི་ཕྱི་ལོ་༢༠༡༠ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་སོང་གི་བརྒྱ་ཆ་༤༠ཙམ་ཡིན་ཀྱང་ད་དུང་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེ་གོ་ད་བྲོའི་རང་བཞིན་རེད་ཅེས་སྐྱོན་བརྗོད་འདུག གནས་ཚུལ་ནང་ཐོན་པར་གཞིགས་ན་ རྒྱ་ནག་གིས་ཕྱི་ལོ་༢༠༡༡ལོར་དམག་དོན་གྱི་འགྲོ་སོང་ཡུའན་ཐེར་འབུམ་༦༠༡དང་དུང་ཕྱུར་གཅིག་གམ་ཨ་རིའི་ཌོ་ལར་ཐེར་འབུམ་༩༡དང་དུང་ཕྱུར་བདུན་གཏོང་རྩིས་ཡོད་ལུགས་འགྲེལ་ལབརྗོད་བྱས་འདུག། རྒྱ་ནག་གི་མཚོ་དམག་རྒྱ་བསྐྱེད་གཏོང་དགོས་དོན་གཙོ་བ་ནི་ རྩོད་རྙོག་ཅན་གྱི་ལྷོ་ཕྱོགས་མཚོ་ཁའི་བདག་དབང་ལ་ཐད་ཀར་འབྲེལ་བ་ཡོད་པར་མ་ཟད་ལྷག་པར་དུ་ཐའེ་ལྦན་ལའ་ཉེན་ཁ་ཡོད་པར་ངོས་འཛིན་བྱས་སྐོར་གོང་ཞུས་སྙན་ཐོར་གསལ་ཡོད་འདུག། ཤོག་ལྷེ་༩༤ཅན་གྱི་སྙན་ཐོའི་ནང་ཨ་མི་རིས་ཀས་ཐའི་ལྦན་ཀྱི་སྲུང་སྐྱོབ་སྐོར་འགྲེལ་བརྗོད་གང་བྱས་པ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐད་ཀར་འཐེ་བྱུས་བྱས་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག༎