སྨྲ་བརྗོད་རང་དབང་དང་གྲངས་ཉུང་མི་རིགས་ཀྱི་འགོ་ཁྲིད་ནུས་པ་འབུར་འདོན།


2019.02.25
འཆི་མེད་ལྷ་མོ་ལགས། འཆི་མེད་ལྷ་མོ་ལགས།
CL/FB

ཁེ་ཎ་ཊར་བཅའ་བཞུགས་བོད་རིགས་བོུ་འཆི་མེད་ལྷ་མོ་ལགས་ཀྲོ་རོན་ཀྲོ་གཙུག་ལག་སློབ་གཉེར་ཁང་གི་(Scaborugh)་ཡན་ལག་སློབ་གྲྭའི་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་པ་དེ་ནི་སྨྲ་བརྗོད་རང་དབང་དང་གྲངས་ཉུང་མི་རིགས་ཀྱི་འགོ་ཁྲིད་ཀྱི་ནུས་པ་འབུར་འདོན་བྱས་བ་མཚོན་གྱི་ཡོད་པ་དཔྱད་རྩོམ་སྤེལ་འདུག
ཚེས་༢༤ཉིན་(New College) ཞེས་པའི་ཁེ་ཎ་ཊའི་གཙུག་ལག་སློབ་གཉེར་ཁང་གི་(Varsity) ཞེས་སློབ་མའི་དུས་དེབ་ཀྱི་གནད་དོན་དཔྱད་ཞིབ་པ་(Meera Ulysses)་ཞུ་བ་ ལོ་རིམ་གཉིས་པའི་བེུད་སློབ་མ་ཞིག་གིས། འཆི་མེད་ལྷ་མོ་ལགས་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོའི་ལས་འཁུར་བཀག་བསྡོམས་བྱ་ཐབས་དང་། དེ་བཞིན་ཁེ་ཎ་ཊའི་(McMaster) གཙུག་ལག་སློབ་གྲྭའི་ནང་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ཐོག་རྒྱ་ནག་གཞུང་ནས་དམ་དྲག་གི་སྲིད་ཇུས་ལག་ལྟར་ཇི་ལྟར་བྱེད་པའི་གནས་སྟངས་སྐོར་བགྲོ་གླེང་སྐབས་ངོ་རྒོལ་སྐད་འབོད་ཀྱི་ཟིང་ཆ་སླང་བའི་གནས་ལུགས་བཅས་ནི། ནུབ་ཕྱོགས་པའི་གཙུག་ལག་སློབ་གྲྭའི་ཤེས་ཡོན་གྱི་ལས་དོན་ནང་མེ་སེར་སྤེལ་ཡུལ་རིང་ལུགས་དང་རྒྱལ་ཞེན་རིང་ལུགས་ཀྱི་བསམ་པ་དང་ཤུགས་རྐྱེན་སྤྲོད་ཐབས་ཀྱི་རྣམ་པ་ཞིག་མཚོན་གྱི་ཡོད་པ་བཀོད་འདུག
རྩོམ་པ་པོ་(Meera Ulysse)ལགས་ཀྱིས་བརྗོད་ན། བོད་རིགས་འཆི་མེད་ལྷ་མོ་ལགས་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་བ་དེ་གཙུག་ལག་སློབ་གྲྭའི་ནང་གྲངས་ཉུང་མི་རིགས་ཀྱི་འགོ་འཁྲིད་ཀྱི་ནུས་པ་མཚོན་པ་མ་ཟད། སྨྲ་བརྗོད་རང་དབང་གི་རྒྱལ་ཁབ་ཞིག་ཆགས་ཡོད་པ་བཀོད་འདུག་ལ་དེ་བཞིན་འཆི་མེད་ལྷ་མོ་ལགས་ཁོང་སྒེར་ལ་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་དང་། རང་མི་རིགས་ཀྱི་རིག་གཞུང་ལ་སྤོབས་སེམས་བྱ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་གསུངས་སྟེ། མདོར་ན། འཆི་མེད་ལགས་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་བ་དེ་ཀྲོ་རོན་ཀྲོ་གཙུག་ལག་སློབ་གྲྭའི་སློབ་ཕྲུག་གི་བདེ་སྡུག་ལ་ལྟ་སྐྱོང་བྱ་རྒྱུའི་འགན་འཁུར་ཁོ་ན་ཆགས་ཡོད་པ་ལས་གཞན་བོད་ཀྱི་གནད་དོན་སེལ་ཆེད་རྒྱ་ནག་དང་བོད་དབར་གྲོས་བསྡུར་བགྲོ་གླེང་ལ་སོགས་པའི་གོ་སྐབས་བསྐྲུན་རྒྱུའི་འགན་ཁུར་གང་ཡང་མེད་པ་ཞིག་གསལ་འདོན་བྱས་འདུག
འཆི་མེད་ལྷ་མོ་ལགས་ལ་སློབ་ཕྲུག་ཆིག་ཁྲི་བཞི་སྟོང་ཙམ་ཡོད་པའི་ Scarborough སློབ་གྲྭ་ཆེན་མོའི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོར་མང་མོས་འོས་འདེམས་བྱུང་བར་རྒྱ་མིའི་སློབ་ཕྲུག་དང་གཞན་ཡང་དྲ་རྒྱའི་ཐོག་ངོ་རྒོལ་ཤུགས་ཆེ་བྱས་པར་མ་ཟད། འཆི་མེད་ལྷ་མོ་ལགས་སྒེར་གྱི་འབྲེལ་མཐུད་དྲ་ལམ་ཐོག་ལ་ཡང་བསུན་བཙེར་དང་ཚིག་རྩུབ་ཤུགས་ཆེ་བརྗོད་ཡོད་པ་རེད། འོན་ཀྱང་སློབ་གྲྭའི་ངོས་ནས་འཆི་མེད་ལྷ་མོ་ལགས་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པ་བརྗོད་པར་མ་ཟད། རྒྱ་མའི་སློབ་ཕྲུག་དང་ཡང་རྒྱ་ནག་གཞུང་གི་བཀོད་ཇུས་འོག་ནུབ་ཕྱོགས་མང་གཙོའི་འཕེལ་རིམ་ལ་དོ་ཕོགས་ཀྱི་ལས་གཞི་སྤེལ་བར་མི་མང་པོས་སྤྱི་ཚོགས་དྲ་ལམ་ཐོག་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎