ཇོ་མོ་གླང་མའི་སྟེང་འཛེགས་ཡུལ་གྱི་འགྲོ་ལམ་བརྗེ་པོ་རྒྱག་རྒྱུ།


2015.02.18
བལ་ཡུལ་ནང་གངས་རུད་ཁྲོད་ནས་ཐར་བའི་རི་འཛེགས་པ་ཁག་གཅིག ༢༠༡༤།༡༠།༡༦
TAAN

ན་ནིང་གི་གངས་རུད་ལ་བརྟེན་བལ་ཡུལ་གྱིས་ཇོ་མོ་གླང་མའི་སྟེང་འཛེགས་ཡུལ་གྱི་འགྲོ་ལམ་བརྗེ་པོ་རྒྱག་རྒྱུ་ཡིན་ལུགས་གསུངས་འདུག
དེ་ཡང་སྔ་ལོ་གངས་རི་ཇོ་མོ་གླང་མར་རི་འཛེགས་མཁན་གྱི་སྣེ་ཤན་པ་བལ་པོའི་ཡུལ་མི་༢༥གངས་རུད་འོག་རྐྱེན་འདས་སུ་ཕྱིན་པར་བརྟེན་། དེ་རིང་ཟླ་༢ཚེས༡༨ཉིན་བལ་ཡུལ་གྱིས་ཇོ་མོ་གླང་མའི་སྟེང་འཛེགས་ཡུལ་གྱི་འགྲོ་ལམ་བརྗེ་པོ་རྒྱག་རྒྱུ་ཡིན་ལུགས་གསུངས་ཡོད་པ་དང་། འགྲོ་ལམ་གསར་པ་དེ་བཞིན་ཇོ་མོ་གླང་མའི་དབུས་ཕྱོགས་ནས་བཟོས་ཏེ་སྔ་ལོ་གངས་རུད་ཆེན་པོ་རྒྱབ་ཡུལ་གཡོན་ཕྱོགས་ཀྱི་འགྲོ་ལམ་དེ་གཡོལ་ཐབས་གནང་རྒྱུ་ཡིན་འདུག དེ་ཡང་བལ་ཡུལ་གྱི་Sagarmathaམཁའ་རླུང་སྦག་བཙོག་སྟངས་འཛིན་ཚོགས་པ་ཞེས་པའི་གངས་འཛེགས་འགྲོ་ལམ་ཐག་ཆོད་བྱ་རྒྱུའི་དབང་ཆ་ཡོད་པའི་ལས་ཁང་དེའི་དཔོན་རིགས་Yangee Sherpaཞུ་བས། ང་ཚོས་ཇོ་མོ་གླང་མའི་སྟེང་འཛེགས་རྒྱུའི་འགྲོ་ལམ་དེ་བཞིན་དབུས་ཕྱོགས་ནས་བཟོ་དགོས་དོན་ནི། གངས་རུད་ཀྱི་ཉེན་ཁ་ཆུང་བ་དང་། གོད་ཆགས་ཀྱི་གནས་ཚུལ་མི་ཡོང་བའི་ཆེད་དུ་ཡིན་ལ་ཁུལ་དེ་ནས་འཛེགས་རྒྱུའི་ཡོ་ཆས་དང་གྲ་སྒྲིག་སོགས་བྱས་ཟིན་པ་ཡིན་ཞེས་གསུངས་འདུག
བཀྲིས་ཤར་པ་ཞུ་བ་གངས་རི་མཐོ་པོའི་སྟེང་ཐེངས་བརྒྱད་ཙམ་འཛེགས་མྱོང་ཡོད་པ་ཁོང་གིས་ དབུས་ཕྱོགས་ཀྱི་འགྲོ་ལམ་དེ་ཕྲན་བུ་དཀའ་ལས་ཁག་པ་ཡོད་ཀྱང་། གངས་དང་འཁྱགས་པ་སོགས་མར་གཟར་ཡོང་བའི་ཉེན་ཁ་མེད་པ་དང་། ལྷག་པར་དུ་འཁྱག་རོམ་དང་། གཡང་གཟར་ཅན་གྱི་འཁྱགས་པའི་གྲོག་རོང་སོགས་མེད་སྟབས་ཉེན་ཁ་ཆུང་བ་ཡོད་པ་རེད་ཅེས་གསུངས་འདུག འཛམ་གླིང་ནང་གི་གངས་རི་མཐོ་ཤོས་༡༤ནས་བརྒྱད་བལ་ཡུལ་ནང་ཡོད་པ་དང་། ལོ་ལྟར་ཕྱི་ནས་གངས་འཛེགས་པ་བརྒྱ་ཕྲག་མང་པོ་བལ་ཡུལ་ནང་ཡོང་གི་ཡོད་པ་རེད་ལ་གངས་འཛེགས་ནི་བལ་ཡུལ་གྱི་དཔལ་འབྱོར་ཡོང་འབབ་གལ་ཆེ་ཞིག་ཀྱང་ཡིན་པ་རེད།  

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎