ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཡུ་གུར་བའི་རང་དབང་འཐབ་རྩོད་པ་ཨིལ་ཧཱེམ་ཏོཧ་ཏི་གློད་གྲོལ་དགོས་པའི་འབོད་སྐུལ།

2022.01.15
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཡུ་གུར་བའི་རང་དབང་འཐབ་རྩོད་པ་ཨིལ་ཧཱེམ་ཏོཧ་ཏི་གློད་གྲོལ་དགོས་པའི་འབོད་སྐུལ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཡུ་གུར་བའི་རང་དབང་འཐབ་རྩོད་པ་ཨིལ་ཧཱེམ་ཏོཧ་ཏི་གློད་གྲོལ་དགོས་པའི་གསར་འགོད་གསལ་བསྒྲགས་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཨ་མི་རིའི་གྲོས་ཚོགས་ཀྱི་ Congressional Executive Commission on China ཞེས་པའི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་། Ilham Tohti ཡིས་ཤིན་ཅང་གི་གྲངས་ཉུང་མི་རིགས་རྣམས་ལ་ཐོབ་ཐང་འདྲ་མཉམ་མེད་པ་དང་། མི་རིགས་དབར་གྲོས་མོལ་གནང་དགོས་ཞེས་གསུངས་པ་ཙམ་གྱིས་ཁོང་ལ་ཚེ་བཙོན་གྱི་ཉེས་ཆད་བཏང་ཡོད་པ་རེད།
ཡུ་གུར་བའི་རིག་གཞུང་གི་མི་སྣ་གཙོ་བོ་ཞིག་བཙོན་བཅུག་བྱས་པའི་རྗེས་ཡུ་གུར་བ་དང་ཀ་ཛཀ་ཀྱི་མི་རིགས་ཧ་ཅང་མང་པོ་ཞིག་དོ་དམ་འཛིན་བཟུང་བྱེད་འགོ་བཙུགས་ཡོད་པ་རེད་ཅེས་དང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ Ilham Tohti ཚུད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་རང་དབང་དང་ཁོང་ཚོའི་བློ་འཚབ་ཁག་ལ་རྩི་བཀུར་ཞུ་རྒྱུའི་ཚབ་ཏུ་ཁོང་ཚོའི་རིག་གཞུང་དང་སྐད་ཡིག་དེ་བཞིན་གཞི་རྩའི་རང་དབང་སོགས་མེད་པ་བཟོ་རྒྱུའི་ཐག་གཅོད་བྱས་ཡོད། ང་ཚོས་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་Ilham Tohti བཙོན་ཁང་ནས་གློད་བཀྲོལ་དང་ཤིན་ཅང་ནང་གི་གྲངས་ཉུང་མི་རིགས་རྣམས་གང་བྱུང་འཛིན་བཟུང་དོ་དམ་དང་ཁོང་ཚོའི་ཐོག་དྲག་གནོན་མཚམས་འཇོག་བྱ་དགོས་པའི་འབོད་བསྐུལ་ཞུ་གི་ཡོད་ཅེས་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་གནང་འདུག
དེ་བཞིན་གོང་ཞུས་ཀྱི་གསར་འགོད་གསལ་བསྒྲགས་དེའི་ནང་རྒྱ་ནག་གཞུང་གིས་ཤིན་ཅང་ནང་མི་རིགས་རྩ་མེད་བཟོ་བ་དང་མི་སྤྱོད་ལས་འདས་པའི་ནག་ཉེས་དེ་དག་མཚམས་འཇོག་དང་པེ་ཅིང་ནང་དགུན་དུས་ཀྱི་ཨོ་ལོམ་པིཀསི་རྩེད་འགྲན་དེ་འཚོགས་ལ་ཉེ་བའི་དུས་སྐབས་འདིར་ Ilham Tohti བཙོན་འོག་ནས་གློད་བཀྲོལ་བཏང་བ་ཡིན་ན། རྒྱ་ནག་གཞུང་གི་རྣམ་འགྱུར་བཟང་པོ་ཞིག་ཆགས་རྒྱུ་ཡིན་པའི་སྐོར་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་སྤེལ་གནང་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎