སློབ་མ་བརྒྱད་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག
2012.12.12
ཤ་བོ་རྡོ་རྗེ་ཡིས་འདི་གར་གནས་ཚུལ་བཏང་དོན། འདི་ལོའི་ཕྱི་ཟླ་༡༡་པའི་ཚེས་༢༦་ཉིན་ཆབ་ཆ་གསོ་རིག་སློབ་གླིང་གི་སློབ་མ་ཆིག་སྟོང་ལྷག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྡུག་རྩུབ་ཆེ་བའི་སྲིད་ཇུས་སྤྱི་དང་། ལྷག་དོན་དུ་བོད་ནང་རང་ལུས་མེར་བསྲེཌ་གཏོང་མཁན་རྣམས་ལ་རྒྱ་གཞུང་གིས་ཉེས་འདོགས་འདྲ་མིན་བྱས་བ། དེ་བཞིན་བོད་ཀྱི་སྐད་ཡིག་ཕན་མེད་མཁོ་མེད་བཟོ་རྒྱུའི་དེབ་ཆུང་འགྲེམས་སྤེལ་བྱས་པ་བཅས་ལ་བརྟེན་ཞི་བའི་ངོ་རྒོལ་རྔམ་སྟོན་གནང་བར་རྒྱ་ནག་གཞུང་གི་ཉེན་རྟོག་པ་ཚོས་དྲག་གནོན་ཤུཌ་ཆེ་བྱས་པར་སློབ་ཕྲུག་མང་པོར་ཚད་གཞི་མི་འདྲ་བའི་རྨས་སྐྱོན་བཟོས་པ་ཡོད།
ཟླ་འདིའི་ཚེས་༥ གཟའ་ལྷག་པའི་ཉིན་སློབ་མ་རབ་བརྟན་དང་། དབང་འདུས་ཚེ་རིང་། བྱམས་པ་ཚེ་རིང་། ཆོས་སྐྱོང་། བཀྲ་ཤིས་ཀུན་བཟང་། རྡོ་ལ་ཚེ་རིང་། སངས་རྒྱས་དོན་གྲུབ། ཀུན་བཟང་འབུམ་བཅས་སློབ་མ་ལྔ་ལ་རྒྱ་གཞུང་གིས་ལོ་ལྔ་རེ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། སློབ་མ་ཚང་མ་རང་ལོ་༢༣ གྱི་འོག་ཏུ་ཡོད་འདུག དེ་བཞིན་དུ་ཨ་མདོ་རེབ་གོང་གི་སློབ་ཕྲུག་ཁག་གཅིག་ཀྱང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་སོགས་བརྗོད་བྱུང་།