དྲག་གནོན་འོག་ཞི་བའི་སློབ་མ་མང་པོར་རྨས་སྐྱོན་ཕོག་འདུག།

བོད་མདོ་སྨད་མཚོ་ལྷོ་ཁུལ་ཆབ་ཆ་རུ་སློབ་མ་སྟོང་ཚོ་བརྒལ་བས་ཞི་བའི་ལས་འགུལ་སྤེལ་སྐབས་ཉེན་རྟོག་དམག་གིས་དྲག་གནོན་བྱས་ནས་སློབ་མ་མང་པོར་རྨས་སྐྱོན་ཚབས་ཆེན་ཕོག་འདུག།

2012.11.26

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཚེས་༢༦ཉིན་བོད་མདོ་སྨད་ཆབ་ཆ་སྟེ་མཚོ་ལྷོ་ཁུལ་གསོ་རིག་སློབ་གྲྭའི་སློབ་མ་སྟོང་ཕྲག་བརྒལ་བས་མི་རིགས་འདྲ་མཉམ། མི་རིགས་རང་དབང་། སྲིད་གཞུང་བསྐྱར་འཛུགས་ཀྱི་འབོད་ཚིག་བསྒྲགས་ཏེ། མཚོ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཆབ་ཆའི་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་འདུག

ཅང་མ་འགོར་བར་ས་གནས་རྒྱ་གཞུང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ་འབོར་ཆེན་བཏང་སྟེ། སློབ་ཕྲུག་ཚོར་གང་བྱུང་ཉེས་རྡུང་དྲག་པོ་བཏང་བ་སོགས་དྲག་གནོན་བྱས་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། སྐབས་དེར་དྲག་ཆས་ཉེན་རྟོག་པ་དང་དམག་མིས་མེ་མདའ་མང་པོ་བརྒྱབ་སོང་། འོན་ཀྱང་དེ་ནི་སློབ་ཕྲུག་ཚོར་འཇིགས་སྐུལ་ཆེད་མེ་མདའ་གནམ་ལ་བརྒྱབ་པའམ་ཡང་ན་སློབ་ཕྲུག་ཚོའི་ཁྲོད་བརྒྱབ་ཡོད་མེད་གང་ཡིན་གསལ་བོ་ཤེས་མ་བྱུང་། གང་ལྟར་སློབ་ཕྲུག་ ༡༥ ལྷག་ལ་རྨས་སྐྱོན་ཚབས་ཆེན་སྟེ་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད། དེ་དག་ཁྲོད་ཁག་གཅིག་ཧ་ཅང་ཉེན་ཁའི་གནས་སུ་ཡོད་འདུག

དེ་ལྟར་ད་ལྟའི་ཆར་སློབ་ཕྲུག་ཡོངས་རྫོགས་སློབ་གྲྭའི་ནང་བཙན་འཇུག་བྱས་ཏེ། སློབ་གྲྭའི་མཐའ་འཁོར་ཡོངས་སུ་དམག་མིས་སྐོར་ནས་བཀག་སྡོམ་ནན་མོ་བྱས་ཡོད་པ་མ་ཟད།  ཆབ་ཆ་ཁུལ་དུ་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཁག་ལའང་བཀག་སྡོམ་བྱས་ཏེ། སློབ་ཕྲུག་ཚོའི་ཕ་མ་དང་ནང་མི་དག་གིས་སོ་སོའི་བུ་ཕྲུག་ལ་འབྲེལ་བ་བྱ་ཐུབ་རྒྱུ་ཁག་པོ་ཆགས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎