རྒྱ་ནག་དབུས་ཕྱོགས་ཁུལ་དུ་ཐན་སྐྱོན་ཚབས་ཆེ།

ཆར་ཆུ་དཀོན་པའི་རྐྱེན་གྱིས་རྒྱ་ནག་གི་དབུས་ཕྱོགས་ས་ཁུལ་ནང་ཐན་སྐྱོན་དེ་འདས་པའི་ལོ་ངོ་ལྔ་བཅུའི་ནང་ཚབས་ཆེ་ཤོས་ཆགས་ཡོད་པའི་སྐོར།

2011.05.25

༄༅༎རྒྱ་ནག་ནང་ཆར་ཆུ་དཀོན་པའི་རྐྱེན་གྱིས་རྒྱ་ནག་གི་དབུས་ཕྱོགས་ས་ཁུལ་ནང་ཐན་སྐྱོན་དེ་འདས་པའི་ལོ་ངོ་ལྔ་བཅུའི་ནང་ཚབས་ཆེ་ཤོས་ཆགས་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཚགས་ཤོག་ཐོག་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་ཡོད་འདུག རྒྱ་ནག་ནང་ཆར་པ་མ་འབབ་པར་ ཡང་ཙེ་གཙང་པོའི་ཆུའི་ཚད་གཞི་ཡང་རྒྱུན་ལྡན་ནས་བརྒྱ་ཆ་བཞི་ཅུ་ཙམ་དམའ་རུ་ཕྱིན་ནས་འདས་པའི་ལོ་ངོ་ལྔ་བཅུའི་ནང་ ཆུའི་ཚད་གཞི་དམའ་ཤོས་སུ་སླེབས་ཡོད་ཅིང་ དེར་བརྟེན་རྒྱ་ནག་གི་ཆུ་ལོག་དང་ཐན་སྐྱོན་འགོག་ཐབས་ལས་ཁང་གིས་མ་འོངས་གཟའ་འཁོར་གཉིས་རིང་ རི་ཆུ་འགག་གསུམ་གྱི་ཆུ་མཛོད་ནས་ཆུ་བརྒྱ་ཆ་བཅུ་ནས་ཉི་ཤུ་བར་ཆུ་དགོས་མཁོ་ཧ་ཅང་ཆེ་བའི་ས་ཁུལ་ཁག་ནང་འདྲེན་རྒྱུ་ཡིན་ལུགས་བརྗོད་འདུག ས་ཁུལ་ཁག་ཅིག་ནང་ད་ལོ་ཆར་པ་འབབ་ཚད་རྒྱུན་ལྡན་ལས་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་ཉུང་བ་བྱུང་ཡོད་པ་དང་ཧའ་བད་དང་ ཅང་སུའུ་ ཨན་ཧུད་ ཧའ་ནན་ ཅང་ཤིའི་སོགས་ས་ཁུལ་ཁག་ནང་ད་ལོ་ཆར་པ་འབབ་ཚད་ཕྱི་ལོ་༡༩༥༤ལོ་ནས་ད་བར་ཉུང་ཤོས་ཡིན་པ་དང་ ཧའ་བད་ས་གནས་ནང་ཆར་ཆུ་དཀོན་པའི་རྐྱེན་གྱིས་ཆུ་མཛོད་༡༣༠༠ཙམ་གྱི་ཆུ་བེད་སྤྱོད་བྱ་དགོས་བྱུང་ཡོད་པ་དང་  ཧུད་བད་ཀྱི་ས་གནས་ཞིང་པ་ཞིག་གིས་བརྗོད་པར་ གལ་སྲིད་ཆུ་འདེངས་ངེས་མེད་ཚེ་དཔྱིད་ཀར་འབྲས་འདེབས་རྒྱུའི་གོ་སྐབས་ཤོར་རྒྱུ་ཡིན་པ་བརྗོད་འདུག ཧའ་བད་ས་གནས་ཀྱི་ཞིང་པ་མང་པོས་ཆུ་དཀོན་པའི་ཛ་དྲག་བེད་སྤྱོད་བྱ་རྒྱུའི་ཆུ་ད་དུང་གནམ་གཤིས་ཚ་བ་ཆེ་རུ་ཕྱིན་པའི་སྐབས་བེད་སྤྱོད་བྱ་རྒྱུའི་ཆེད་དབྱར་དུས་ཀྱི་འབྲས་འདེབས་རྒྱུ་སོགས་འབྲུ་རིགས་འདེབས་འཛུགས་ཀྱི་ལས་ཀ་མང་པོ་ཞིག་ཕྱིར་འཐེན་བྱེད་ཀྱི་ཡོད་འདུག འབར་མ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་འདུན་པ་ཡོད་པའི་སྐོར་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎