ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱིས་ Microsoft དང་ Google གཉིས་ལ་འདྲི་རྩད།

2024.11.26
ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱིས་ Microsoft དང་ Google གཉིས་ལ་འདྲི་རྩད། ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱིས་ Microsoft དང་ Google གཉིས་ལ་འདྲི་རྩད།
སྒྲིག་བཟོ།

དེ་ཡང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་འཛིན་སྐྱོང་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་Chris Smith དང་གྲོས་ཚོགས་གོང་མའི་འཐུས་མི་Jeffrey Merkely རྣམ་གཉིས་ཀྱིས་མཚན་ཐོག་ནས་ཉེ་ཆར་ཚེས་༡༩ཉིན་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། འཛམ་གླིང་གི་རྒྱལ་ཁབ་གཞན་གྱིས་བསྐྱར་ཞིབ་བྱས་པའི་ཡིག་ཆའི་ནང་། ཨ་རིའི་འཕྲུལ་རིག་ཚོང་ལས་ཁང་གིས་རྒྱབ་སྐྱོར་བྱ་ཡུལ་རྒྱ་ནག་གི་ཚོང་ལས་ཁང་ཁག་ཅིག་གིས་རྒྱ་ནག་གི་ཁྲིམས་ལུགས་ཚན་པར་སོ་ལྟའི་འཕྲུལ་རིགས་མཁོ་སྤྲོད་དང་འཕྲུལ་རིགས་དེ་དག་ཉེན་རྟོག་པས་བེད་སྤྱོད་བྱེད་ཀྱི་ཡོད་པའི་སྐོར་གསུངས་ཡོད་ཅིང་། དཔེར་ན་ཨ་མི་རི་ཀའི་འཕྲུལ་རིག་ཚོང་ལས་ཁང་གིས་རྒྱབ་སྐྱོར་བྱ་ཡུལ་རྒྱ་ནག་གི་བཟོ་ཚོང་ལས་ཁང་གཉིས་ཀྱིས་སོ་ལྟའི་འཕྲུལ་རིགས་ཀམ་པུར་ཀྲར་གྱི་Software མཉེན་ཆས་རྒྱ་ནག་གཞུང་གི་ཁྲིམས་ལུགས་ཚན་པར་མཁོ་སྤྲོད་བྱས་པའམ་ཡང་ན་རྒྱ་ནག་གི་ཉེན་རྟོག་པར་མཉམ་ལས་བྱས་ཡོད་འདུག

༢༠༢༧ ལོར་དྲྭ་རྒྱའི་བདེ་འཇགས་ཚོང་ལས་ཁང་Tophant ཡིས་རྒྱ་ནག་གི་ཉེན་རྟོག་པའི་ཞིབ་འཇུག་ལྟེ་གནས་ཁང་དང་མཉམ་ལས་བྱས་པ་དང་དེ་མིན་གྱི་བཟོ་ཚོང་ལས་ཁང་གཉིས་ཀྱིས་དྲྭ་རྒྱའི་བདེ་འཇགས་ལས་ཁུངས་ལ་ཞིབ་བཤེར་མཉེན་ཆས་བཙོང་ཡོད།

མི་བཟོས་རིག་ནུས་AI གསར་འཛུགས་ཁེ་གཉེར་ལས་ཁང་ Data Grand ཡིས་༢༠༡༧ ལོར་རྒྱ་ནག་གི་དྲྭ་རྒྱའི་ཚོང་ལས་ཁང་ལ་ཞིབ་བཤེར་མཉེན་ཆས་བཙོངས་པ་དང་། དེ་དང་ཆབས་ཅིག་དྲྭ་རྒྱའི་བདེ་འཇགས་ཚོང་ལས་ཁང་Topphant ཡིས་༢༠༢༡ ལོར་རྒྱ་ནག་གི་ཉེན་རྟོག་ཞིབ་འཇུག་ལྟེ་གནས་ཁང་ཞིག་དང་མཉམ་འབྲེལ་བྱས་ཡོད།

ཡང་༢༠༡༨ ལོར་འགྲོ་བ་མིའི་ངོ་གདོང་ངོས་འཛིན་ཚོང་ལས་ཁང་སྟེ་DeepGlint ཡིས། ཤིང་ཅང་གི་ཉེན་རྟོག་པ་དང་མཉམ་ལས་བྱས་ཏེ་གཞུང་གིས་གྲངས་ཉུང་མི་རིགས་ལ་གཉའ་གནོན་བྱེད་པའི་སོ་ལྟའི་ལག་ཆ་བཀོད་སྒྲིག་བྱས་ཡོད། དེར་བརྟེན་༢༠༢༡ ལོར་ཨ་རིས་DeepGlint ཡིས་ཤིང་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ནང་ཞུགས་ཡོད་པའི་རྐྱེན་གྱིས་ཉེས་ཆད་བཏང་ཡོད་ལ་དེ་མིན་གྱི་ཚོང་ལས་ཁང་གཞན་ཞིག་སྟེ་Hydata ཡིས་ཤིང་ཅང་གི་ཉེན་རྟོག་ཚོད་ལྟ་ཁང་ཞིག་དང་མཉམ་དུ་སོ་ལྟའི་ལྟ་རྟོག་པར་ཆས་ཀྱི་པར་རིས་དབྱེ་ཞིབ་བྱེད་པའི་ལས་དོན་ནང་མཉམ་ལས་བྱས་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད།

གང་ལྟར་Microsoft ཚོང་ལས་ཁང་གིས་། འཛམ་གླིང་གཞན་གྱི་རྒྱལ་ཁབ་ཚོས་གནས་སྟངས་དེའི་ཐོག་ལ་བསམ་ཚུལ་ཤོད་དགོས་པའི་རེ་སྐུལ་ལ་ལན་མ་རྒྱབ་པའི་ཁར་Google ཚོང་ལས་ཁང་གིས་ཀྱང་བསམ་ཚུལ་གསུང་རྒྱུ་ཁས་ལེན་བྱས་མེད་པ་རེད་ཅེས་དང་། Microsoft བཟོ་ཚོང་ལས་ཁང་གི་དྲྭ་རྒྱའི་ཐོག་ལ། ཁོང་ཚོའི་ Microsoft ཡི་ལས་གཞིའི་ཐོག་ནས་༢༠༡༢ ལོར་རྒྱ་ནག་ནང་ལས་གཞིའི་རྣམ་གྲངས་འགོ་བཙུགས་པ་ནས་བཟུང་རྒྱ་ནག་གི་བཟོ་ཚོང་ལས་ཁང་བརྒྱད་བརྒྱ་ལྷག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་སྐོར་བཀོད་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་འཛིན་སོགས་ལ་ལྟ་རྟོག་བྱས་ནས་ལོ་འཁོར་སྙན་ཐོ་ཨ་མི་རི་ཀའི་སྲིད་འཛིན་དང་གྲོས་ཚོགས་ལ་འབུལ་རྒྱུའི་ཆེད་དུ་གསར་འཛུགས་གནང་བ་ཞིག་ཡིན་པ་རེད།།

གསར་འགོད་པ། གཡུ་སྒྲོན།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎