ཀ་ཊ་ལོ་ནི་ཡ་རང་བཙན་ཅན་དུ་འགྱུར་བའི་ལས་འགུལ།
2012.11.25
༄༅༎སེ་པེན་(Spain)བྱང་ཤར་གྱི་ས་ཁུལ་ཀ་ཊ་ལོ་ཎི་ཡའི་(Catalonia)འོས་བསྡུའི་ནང་སེ་པེན་ནས་ཁ་བྲལ་བྱེད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཉིན་ས་གནས་ཀྱི་འོས་བསྡུའི་སྐབས་མི་མང་ཚོས་ཀ་ཊ་ལོ་ནི་ཡ་རང་བཙན་གྱི་རྒྱལ་དར་འཕྱར་ནས་སེ་པེན་ནས་ཁ་བྲལ་བྱ་རྒྱུའི་རྣམ་པ་གསལ་པ་བཏོན་ཡོད་འདུག སྲིད་འཛིན་ཨར་ཐར་མ་སེ་(Artur Mas) ཡིས་གལ་སྲིད་ཁོང་ལ་རྒྱལ་ཁ་ཐོབ་པ་ཡིན་ན་མི་མང་ཚོས་རང་ཐག་རང་གཅོད་བྱ་རྒྱུའི་མང་མོས་འོས་བསྡུ་གནང་རྩིས་ཡོད་ལུགས་གསུངས་འདུག བར་ལམ་ནས་སཔེན་གྱི་དཔལ་འབྱོར་ཉམ་རྒུད་ཀྱི་གནས་སྟངས་འོག་ཁ་བྲལ་གྱི་ལས་འགུལ་ཤུགས་ཆེ་རུ་ཕྱིན་པ་དངོས་འབྲེལ་ཡང་ཀ་ཊ་ལོ་ནི་ཡ་དུས་ཡུན་ཐུང་ངུའི་ནང་ཁ་བྲལ་གྱི་རང་བཙན་ཐོབ་རྒྱུ་ཁག་པོ་ཆགས་ཡོད་འདུག། སཔེན་གྱི་གཡས་ཕྱོགས་ཚོགས་པའི་སྲིད་བློན་མ་རི་ཡ་ནོ་ར་ཧོའེ་(Mariano Rajoy) ཡིས་ཀ་ཊ་ལོ་ནི་ཡ་རང་བཙན་བྱ་རྒྱུའི་སྐད་ཆ་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བ་མ་ཟད།ད་ཆ་སཔེན་གྱི་མི་མང་རྣམས་དཀའ་ངལ་ནང་ལྷུངས་པའི་སྐབས་འདིར་ཚང་མས་རྡོག་རྩ་ཆིག་སྒྲིལ་བྱ་དགོས་པའི་སྐབས་འདིར་ཁྲ་བྲལ་གྱི་ལས་འགུལ་སྤེལ་རྒྱུ་དེ་འོས་འཚམས་ཤིག་མ་རེད་ཅེས་གསུངས་གནང་འདུག།